མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོའི་ཧྲིག་ཨར་ནས་ས་འོག་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི238ལ་རྨས་ཕོག

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-03 10:16

 昨日,工作人员查看受损的地铁列车.jpg

ཟླ་ལྔ་བའི་ཚེས་གཉིས་ཉིན། ལས་བྱེད་མི་སྣས་གཏོར་བརླག་ཐེབས་པའི་ས་འོག་མེ་འཁོར་ལ་རྟོག་ཞིབ་བྱེད་བཞིན་ཡོད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཧྲིག་ཨར་གྱི་ས་འོག་ལྕགས་ལམ་གཙོ་བོ་ཞིག་གི་མེ་འཁོར་གཉིས་ཚེས་གཉིས་ཉིན་གྱི་ཕྱི་དྲོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་ཉིས་བརྒྱ་ལྷག་ལ་རྨས་ཕོག ཧན་གོའི་དཔོན་རིགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ནི་མེ་འཁོར་གཅིག་གི་རང་འགུལ་སྒྲིག་ཆས་ལ་ཆག་སྐྱོན་བྱུང་བས་རེད་ཟེར།

  ཉེན་རྟོག་ཕྱོགས་དང་མེ་གསོད་མི་སྣས་བཤད་རྒྱུར། དོན་རྐྱེན་དེ་ལས་འགྲུལ་བ་ཉིས་བརྒྱ་དང་སོ་བརྒྱད་ལ་རྨས་ཕོག་པ་དང་། རྨས་མ་སྐོར་ཞིག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། མེ་འཁོར་གཅིག་གི་ཁ་ལོ་བའི་ཕྲག་པར་རྨས་ཕོག་ཡོད་པས་གཤགས་བཅོས་བྱེད་དགོས་པ་དང་། འགྲུལ་བ་གཅིག་གི་ཀླད་པར་ཁྲག་བླུག་ཡོད་ལ། འགྲུལ་བ་གཅིག་ལ་རུས་ཆག་བྱུང་ཡོད་པ་སོགས་རྨས་མ་འགའི་རྨས་སྐྱོན་ཅུང་ཚབས་ཆེན་ཡིན། ད་ལྟ་འགྲུལ་བ་ཞེ་གསུམ་ཙམ་སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

  བསྒྲགས་པའི་གནས་ཚུལ་ལྟར་ན། མེ་འཁོར་གཅིག་གི་འཕྲུལ་ཆས་ལ་ཆག་སྐྱོན་བྱུང་བའི་དབང་གིས་ས་ཚིགས་སུ་བསྡད་ཡོད་པ་དང་། མེ་འཁོར་གཞན་ཞིག་གིས་རྗེས་ནས་ཐོ་བརྒྱབ་སྟེ། འཁོར་སྒམ་གཉིས་ལྕགས་ལམ་ལས་བརྒལ་ནས་སྒོ་དང་དྲ་མར་གཏོར་བརླག་ཐེབས་ཡོད། དོན་རྐྱེན་བྱུང་སའི་ས་འོག་ལྕགས་ལམ་དེས་ལས་གཉེར་མཚམས་བཞག་ཡོད་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག