མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་གྱིས་ལི་ཐའོ་ཝན་ལ་འཚམས་འདྲི་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-03 10:15

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་ཧཱ་མིན་ཏི་ཡིས་ཚེས་གཉིས་ཉིན་ལི་ཐའོ་ཝན་ལ་འཚམས་འདྲི་བྱས་པ་དང་། ཞི་ཨོ་ལེ་ཨེ་རུ་ཡོད་པའི་ལི་ཐའོ་ཝན་མཁའ་དམག་རྟེན་གཞི་ནས་ལི་ཐའོ་ཝན་གྱི་རྒྱལ་སྲུང་པུའུ་ཀྲང་ཨོ་ལེ་ཁཱ་སི་ལ་ཐུག་འཕྲད་བྱས།

ལི་ཐའོ་ཝན་རྒྱལ་སྲུང་པུའུ་ཡི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། ཐུག་འཕྲད་བྱེད་སྐབས་ཕྱོགས་གཉིས་ཀྱིས་ས་ཁུལ་བདེ་འཇགས་དང་བྱང་ཆིངས་རྩ་འཛུགས་ཀྱི་པའོ་ལོ་ཏི་རྒྱ་མཚོའི་བར་སྣང་སྐོར་གཡེང་ལས་འགན། ཕྱོགས་གཉིས་དང་ཕྱོགས་མང་བོའི་དམག་དོན་མཉམ་ལས་སོགས་ཀྱི་གནད་དོན་ཐད་ནས་བརྗེ་རེས་བྱས་

ཧཱ་མིན་ཏི་ཡིས་བསྟན་དོན དབྱིན་ཇི་རྒྱལ་ཁབ་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་རྒྱལ་ཁབ་དག་གི་འགོག་སྲུང་ལ་རོགས་རམ་བྱེད་རྩིས་ཡོད་ཟེར། དེ་མིན་ལི་ཐའོ་ཝན་གྱི་བྱང་ཆིངས་རྩ་འཛུགས་ཀྱི་འགུལ་སྐྱོད་ཐད་ཀྱི་བྱང་རྗེས་དང་རྒྱལ་སྲུང་སྔོན་རྩིས་ཇེ་མང་དུ་གཏོང་བའི་ཆོད་དོན་ལ་གཟེངས་བསྟོད་བྱས།

ཨོ་ལེ་ཁཱ་སི་ཡིས་བཤད་རྒྱུར། པའོ་ལོ་ཏི་རྒྱ་མཚོ་ས་ཁུལ་གྱི་སྐོར་གཡེང་གནམ་གྲུའི་ཁ་གྲངས་ཇེ་མང་དུ་བཏང་བ་ལས་བྱང་ཆིངས་རྩ་འཛུགས་ཀྱིས་ཐུན་མོང་འགོག་སྲུང་གི་དམ་བཅའ་ལག་བསྟར་བྱེད་པ་མཚོན་ཡོད་ཟེར། ཁོས་བཤད་རྒྱུར། ལི་ཐའོ་ཝན་རྒྱལ་ཁབ་ཀྱིས་རྒྱལ་སྲུང་སྔོན་རྩིས་ཇེ་མང་དུ་བཏང་སྟེ་དམག་དཔུང་གི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག