མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེའི་ཉེན་རྟོག་ཕྱོགས་དང་ངོ་རྒོལ་མཁན་བར་འཁྲུག་རྩོད་བྱུང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཉེན་རྟོག་ཕྱོགས་དང་ངོ་རྒོལ་མཁན་བར་ཟླ་ལྔ་བའི་ཚེས་གཅིག་ཉིན་དབྱི་སི་ཐན་པོར་གྲོང་ཁྱེར་ལྟེ་གནས་ཀྱི་སྲང་ལམ་འགའ་ནས་འཁྲུག་རྩོད་དྲག་པོ་བྱུང་སྟེ། མི་དགུ་བཅུ་ལྷག་ལ་རྨས་ཕོག་པ་དང་། མི་བརྒྱ་དང་བཞི་བཅུ་ལྷག་འཛིན་བཟུང་བྱས།

ཉིན་དེའི་ཞོགས་པར་ཐུར་ཁེའི་བཟོ་ཚོགས་ཀྱིས་རྩ་འཛུགས་བྱས་པའི་ངོ་རྒོལ་མཁན་ཁྲི་ལྷག་གིས་སྲིད་གཞུང་གི་བཀའ་རྒྱ་སྣང་མེད་དུ་བསྐྱུར་ནས། གྲོང་ཁྱེར་གྱི་ས་གནས་སོ་སོ་ནས་གྲོང་ཁྱེར་ལྟེ་གནས་ཀྱི་ཐཱ་ཁི་ཞི་མུའུ་ཐང་ཆེན་དུ་འདུས་ཏེ། ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་རྟེན་འབྲེལ་བྱ་འགུལ་ལ་ཞུགས་རྩིས་བྱས་ཀྱང་ཉེན་རྟོག་ཕྱོགས་ཀྱིས་དེར་བཀག་འགོག་བྱས། ཉེན་རྟོག་ཕྱོགས་དང་ངོ་རྒོལ་མཁན་བར་འཁྲུག་རྩོད་དྲག་པོ་བྱུང་། ཉེན་རྟོག་ཕྱོགས་ཀྱིས་དུད་འཕྱུར་འགད་རྫས་དང་གནོན་ཤུགས་མཐོ་བའི་ཆུ་སོགས་བཀོལ་ནས་ངོ་རྒོལ་མཁན་མཐར་སྐྲོད་བཏང་བ་དང་། ངོ་རྒོལ་མཁན་རེ་འགས་དུག་འགོག་གདོང་འབག་གོན་ནས་རྡོ་དང་ཤོག་སྦག་བཀོལ་ནས་རྒོལ་ལན་སྤྲད།

ཉེན་རྟོག་ཕྱོགས་ཀྱིས་དུད་འཕྱུར་འགད་རྫས་མང་དུ་བཀོལ་བའི་དང་གིས་མཁར་གྲོང་མཁའ་དབྱིངས་སུ་དུད་སྨུག་གིས་གཡོགས་ཡོད་པས། སྡོད་དམངས་རེ་འགས་རང་ཉིད་ཀྱི་བྱས་པ་དག་སྡོད་ཁང་ནས་གནས་གཞན་དུ་མི་བསྐྱལ་ཐབས་མེད་བྱུང་།

ཐུར་ཁེའི་སྲིད་གཞུང་གིས་སྔ་མོ་ནས་ཐཱ་ཁི་ཞི་མུའུ་ཐང་ཆེན་ནས་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་རྟེན་འབྲེལ་བྱ་འགུལ་སྤེལ་མི་རུང་བའི་བཀའ་ཁྱབ་བཏང་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཁྲིམས་འགལ་རྩ་འཛུགས་རེ་འགས་འཇིགས་སྐུལ་བྱ་འགུལ་སྤེལ་སྲིད་པར་བཤད། ཡིན་ན་ཡང་ཐུར་ཁེའི་ངོ་རྒོལ་ཏང་གིས་བལྟས་ན་རྒྱུ་མཚན་ངོ་མ་ནི་ཐུར་ཁེའི་སྲིད་གཞུང་གིས་རྟེན་འབྲེལ་ཞུ་བའི་བྱ་འགུལ་དེ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་ཞིག་ཏུ་འགྱུར་བར་སེམས་ཁུར་བྱེད་བཞིན་ཡོད་པས་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག