མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྔ་གཅིག་ངལ་རྩོལ་དུས་ཆེན་ལ་རྟེནའབྲེལ་་ཞུ་ཆེད་མའོ་སི་ཁི་ནས་མི་འབུམ་གཅིག་ལྷག་གིས་ཁྲོམ་སྐོར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་མང་ཚོགས་འབུམ་གཅིག་ཙམ་གྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་རྒྱལ་ས་མའོ་སི་ཁིའི་དམར་དམག་ཐང་ཆེན་ནས་ཁྲོམ་སྐོར་བྱ་འགུལ་ཆེན་པོ་སྤེལ་ཏེ། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུས། དེ་ནི་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོར་སུའུ་ལེན་ཁ་ཐོར་དུ་སོང་བའི་ཚུན་ལ་ཐོག་དང་པོར་སྤེལ་བ་རེད།

ཉིན་དེའི་བྱ་འགུལ་ནི་བཟོ་ཚོགས་ཀྱིས་རྩ་འཛུགས་བྱས་པ་དང་། ཁྲོམ་སྐོར་བྱེད་མཁན་གྱིས་ཨུ་རུ་སིའི་རྒྱལ་དར་དང་དབུགས་ལྒང་བཟུང་ཡོད་པར་མ་ཟད། མི་མི་ཉུང་བ་ཞིག་གིས་ལག་ཏུ་འཕྲེད་བྱང་བཟུང་ཡོད།

མའོ་སི་ཁིའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། མི་འབུམ་གཅིག་ལྷག་དམར་དམག་ཐང་ཆེན་གྱི་ཁྲོམ་སྐོར་ལ་ཞུགས། བཟོ་ཚོགས་ཀྱི་མགོ་ཁྲིད་པ་རེ་འགས་བཤད་ཚུལ་ལྟར་ན། རྒྱལ་ཡོངས་སུ་མི་ས་ཡ་གཉིས་ཙམ་ལྔ་གཅིག་དུས་ཆེན་གྱི་ཁྲོམ་སྐོར་བྱ་འགུལ་ལ་ཞུགས་ཡོད་ཟེར།

ཚོད་དཔག་བྱས་པ་ལྟར་ན། ཚེས་གཅིག་ཉིན་གྱི་ཕྱི་དྲོར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སིའི་མང་ཚོགས་མང་བོར་ངལ་རྩོལ་དཔའ་བོའི་བྱ་དགའ་སྟེར་རྒྱུ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། སུའུ་ལེན་གྱི་སྐབས་སུ་དམར་དམག་ཐང་ཆེན་དུ་ལོ་རེའི་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་སྐབས་སུ་ཁྲོམ་སྐོར་བྱ་འགུལ་ཆེན་པོ་སྤེལ་བ་རེད། སུའུ་ལེན་ཁ་ཐོར་དུ་སོང་རྗེས། མི་རྣམས་ཀྱིས་སྲོལ་རྒྱུན་དེ་སྲུང་འཛིན་བྱེད་རྩིས་བྱས་ཀྱང་། ཁྲོམ་སྐོར་རུ་དཔུང་གི་གཞི་རྒྱ་ཧ་ཅང་ཆུང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག