མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་བཀག་རྒྱ་བྱེད་པའི་ཕྱོགས་གཅིག་འགུལ་སྐྱོད་སྤེལ་མི་རུང་བའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་བཀག་རྒྱ་བྱེད་པའི་ཕྱོགས་གཅིག་གི་འགུལ་སྐྱོད་སྤེལ་མི་རུང་བའི་སྐུལ་མ་བཏང་བར་མ་ཟད། ཕྱོགས་སོ་སོས་ཞི་བའི་གྲོས་མོལ་ཛ་དྲག་གི་གནས་སུ་ལྷུང་བའི་དུས་རིམ་འདིར་ཐག་གཅོད་ཐབས་ལམ་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ནམ་རྒྱུན་དབུས་ཤར་གྱི་ཞི་བདེའི་འཕེལ་རིམ་གྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་དང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ད་ལྟ་རྒྱལ་ཁབ་གཉིས་ཀྱིས་ཐག་གཅོད་ཇུས་གཞིར་ཇི་ལྟར་གྲོས་མཐུན་འགོད་པར་བསམ་བློ་གཏོང་དགོས་ཟེར། ཕན་ཅི་ཝུན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་སེམས་ཆུང་གིས་འགུལ་སྐྱོད་སྤེལ་ཏེ། ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་གཏོར་བརླག་ཐེབས་སྲིད་པའི་ཕྱོགས་གཅིག་གི་འགུལ་སྐྱོད་སྤེལ་མི་རུང་བར་ཧུར་ཐག་གིས་ཐུན་མོང་གི་ལྟ་ཚུལ་འགོད་དགོས་པའི་སྐུལ་མ་བཏང་།

ཕན་ཅི་ཝུན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་རང་རང་གིས་ཞི་བདེའི་ཆེད་དུ་བརྩོན་བཞིན་པ་ཕན་ཚུན་ལ་ཡིད་ཆེས་སུ་འཇུག་པའི་འགན་ཁུར་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ངེས་པར་དུ་དབུས་ཤར་གྱི་ཞི་བདེའི་ཐག་གཅོད་ཇུས་གཞི་འགོད་པར་ཡར་སྐུལ་གཏོང་བའི་དམ་བཅའ་བརྩི་སྲུང་ནན་མོ་བྱེད་དགོས་པའི་རེ་བ་བཏོན། ཁོས་ད་རུང་འབྲེལ་ཡོད་ཕྱོགས་སོ་སོས་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་དུས་རིམ་སྔོན་མའི་དུས་ཚོད་བེད་སྤྱད་དེ་དོན་སྙིང་ལྡན་པའི་ཐབས་ལམ་ཞིག་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག