མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལཱ་ཐའོ་ཝེ་ཡཱ་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་ནས་ལོ་ངོ་བཅུ་འགོར་བར་རྟེན་འབྲེལ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལཱ་ཐའོ་ཝེ་ཡཱ་རྒྱལ་ཁབ་ཀྱིས་ཉེ་སྔོན་བྱ་འགུལ་སྣ་ཚོགས་སྤེལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་ནས་ལོ་ངོ་བཅུ་འགོར་བར་རྟེན་འབྲེལ་ཞུས།

ལཱ་ཐའོ་ཝེ་ཡཱའི་གྲོས་དཔོན་ཨ་པའོ་ཨར་ཅིན་ནཱ་ཟླ་ལྔ་བའི་ཚེས་གཅིག་ཉིན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་ནས་ལོ་ངོ་བཅུ་འགོར་བར་རྗེས་དྲན་བྱེད་པའི་ཚོགས་ཆེན་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པས་ལཱ་ཐའོ་ཝེ་ཡཱའི་དཔལ་འབྱོར་བརྟན་འཇགས་ངང་འཕར་སྣོན་བྱུང་བ་དང་། ཞོར་དུ་ལཱ་ཐའོ་ཝེ་ཡཱའི་དཔལ་འབྱོར་དང་ཆབ་སྲིད། རྒྱལ་ཁབ་ཀྱི་བཅོས་སྐྱོང་སོགས་ཀྱི་ཐད་ནས་འགྲན་རྩོད་གསར་བ་བྱུང་ཡོད་ཟེར།

ཨ་པའོ་ཨར་ཨར་ཅིན་ནཱ་ཡིས་བཤད་རྒྱུར། འདས་པའི་ལོ་ངོ་བཅུའི་ནང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ལཱ་ཐའོ་ཝེ་ཡཱ་ལ་མ་དངུལ་གྱི་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་། མ་འོངས་པའི་ལོ་ངོ་བཅུའི་ནང་ལཱ་ཐའོ་ཝེ་ཡཱ་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཡོ་སྒོར་ཐེར་འབུམ་ལྔའི་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་སྲིད་ལ། མ་དངུལ་དེ་དག་ལཱ་ཐའོ་ཝེ་ཡཱའི་ཁེ་ལས་པས་ལས་སྐྲུན་ལ་རྒྱབ་སྐྱོར་དང་། གཞུང་ལམ་ལས་པ། སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་ལེགས་བཅོས་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

ཟླ་ལྔ་བའི་ཚེས་གཅིག་ཉིན། ལཱ་ཐའོ་ཝེ་ཡཱའི་རྒྱལ་ས་ལི་ཅཱ་གྲོང་ཁྱེར་ལྟེ་གནས་ཀྱི་སྤྱི་གླིང་ནས་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་རོལ་རྩེད་བྱ་འགུལ་རབ་དང་རིམ་སྤེལ་ནས། ལཱ་ཐའོ་ཝེ་ཡཱ་རྒྱལ་ཁབ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་ནས་ལོ་ངོ་བཅུ་འགོར་བར་རྟེན་འབྲེལ་ཞུས། ཉིས་སྟོང་བཞི་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་ལཱ་ཐའོ་ཝེ་ཡཱ་དང་། ལི་ཐའོ་ཝན། ཨེ་སོ་ནི་ཡཱ། ཕོ་ལན། ཧང་ག་རི་སོགས་ཡོ་རོབ་གླིང་དབུས་ཤར་གྱི་རྒྱལ་ཁབ་བཅུ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག