མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་ལན་གྱི་རེས་འཁོར་གསར་པའི་འདེམས་བསྐོའི་དུས་ཚོད་སྤྱི་ཟླ7པའི་ཚེས20ཉིན་ལ་གཏན་འཁེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-01 19:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས30ཉིན། ཐེ་ལན་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་དྲུང་སྤྱི་ཕུ་ཁྲུང་གིས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ནས་རེས་འཁོར་གསར་པའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པའི་འདེམས་བསྐོའི་དུས་ཚོད་དེ་ད་ལོའི་སྤྱི་ཟླ7པའི་ཚེས20ཉིན་གཏན་འཁེལ་བྱས་ཡོད་ཅེས་གསུངས་ཡོད་པ་དང་། ཕུ་ཁྲུང་གིས་ད་དུང་འོས་འདེམས་མི་སྣའི་ཐོ་བཀོད་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། ཐོ་བཀོད་འགྲོ་ལུགས་དེ་བས་སྟབས་བདེ་ཡོང་བ་བྱེད་དགོས་པ་དང་། དེ་བཞིན་བདེ་འཇགས་ཚན་པས་འདེམས་བསྐོའི་སྒྲིག་ལམ་ལ་སྲུང་རོགས་བྱེད་རྒྱུའི་གྲོས་འགོ་བཏོན་ཡོད་ལ། གནས་སྐབས་སྲིད་གཞུང་ནས་གྲོས་འགོ་དེ་དག་ཚང་མ་དང་ལེན་བྱས་ཡོད་པ་རེད། ཕུ་ཁྲུང་གིས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་གཟའ་འཁོར་རྗེས་མར་རྒྱལ་པོ་མཆོག་ནས་འདེམས་བསྐོའི་དུས་ཚོད་དེར་ཆོག་མཆན་གནང་རྒྱུའི་རེ་ཞུ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་གནས་སྐབས་སྲིད་གཞུང་དང་གྲོས་མོལ་མ་བྱས་གོང་ཐེ་ལན་གྱི་སྲིད་ཏང་མང་ཆེ་བ་དང་འདེམས་བསྐོའི་དུས་ཚོད་ཐད་སྐད་ཆ་བཤད་རེས་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག