མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཡོ་རོབ་གླིང་དུ་འཚམས་འདྲི་བྱས་ཤིང་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-01 19:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཟླ་དྲུག་པར་ཡོ་རོབ་གླིང་ལ་འཚམས་འདྲི་བྱེད་པའི་ཞོར་དུ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་གཙོའི་གྲོས་ཚོགས་ལ་ཞུགས་རྒྱུ་རེད། ཉིན་རིམ་ལ་བལྟས་ན་ཝུའུ་ཁི་ལན་གྱི་ཉམས་ཉེན་ནི་ཨོ་པཱ་མཱའི་ཐེངས་འདིའི་འཚམས་འདྲི་བྱ་བའི་གཙོ་གནད་རེད།

ཕོ་བྲང་དཀར་པོས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཨོ་པཱ་མཱ་ཡིས་ཡོ་རོབ་གླིང་གི་ཕོ་ལན་དང་པུ་ལི་ཧྲི། ཧྥ་རན་སི་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཁོས་ཧྭ་ཧྲ་ནས་ཕོ་ལན་གྱི་མགོ་ཁྲིད་པར་གྲོས་མོལ་བྱེད་རྒྱུ་རེད། ཟླ་དྲུག་པའི་ཚེས་བཞི་ཉིན་ནས་ཚེས་ལྔ་ཉིན་བར། ཨོ་པཱ་མཱ་པུའུ་ལུའུ་སེར་ནས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། དེ་ནི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་ཧེ་ཡཱ་ནས་གྲོས་མོལ་བྱས་རྗེས་ཡང་བསྐྱར་ལྷན་འཛོམས་བྱུང་བ་ཡིན་ལ། གྲོས་ཚོགས་ནས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་རེད། མཐོ་རིམ་གྲོས་ཚོགས་མཇུག་སྒྲིལ་རྗེས། ཨོ་པཱ་མཱ་ཧྥ་རན་སི་རུ་སོང་ནས་མནའ་འབྲེལ་དམག་དཔུང་ནོའུ་མན་ཏིས་སྐམ་སར་བུད་ནས་ལོ་ངོ་བདུན་ཅུ་འགོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་རྒྱུ་རེད་ཟེར།

ཕོ་བྲང་དཀར་པོས་ཐེངས་འདིའི་འཚམས་འདྲིའི་ནང་དོན་ཞིབ་རྒྱས་ཁྱབ་སྒྲོག་བྱས་མེད་ཀྱང་། ཉིན་རིམ་བཀོད་སྒྲིག་ལ་བལྟས་ན་ཝུའུ་ཁི་ལན་གྱི་ཉམས་ཉེན་ནི་ཨོ་པཱ་མཱའི་ཐེངས་འདིའི་འཚམས་འདྲི་བྱ་བའི་གཙོ་གནད་རེད།

ཝུའུ་ཁི་ལན་གྱི་གནས་བབ་ཛ་དྲག་ཏུ་གྱུར་རྗེས། ཨ་མེ་རི་ཁ་དང་ཕོ་ལན་གྱིས་འགོག་སྲུང་མཉམ་ལས་ལ་མངོན་གསལ་གྱིས་ཤུགས་སྣོན་བྱས་ཤིང་། ཕོ་ལན་ལF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་མང་བོ་དང་ས་ངོས་དམག་དཔུང་ཁ་སྣོན་བྱས་པ་དང་། ཕོ་ལན་དུ་སྡོད་པའི་ཨ་མེ་རི་ཁའི་མཁའ་དམག་གི་སྡོད་ཡུན་ད་ལོའི་ལོ་མཇུག་བར་རྒྱུན་བསྲིངས་པ་རེད། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཟླ་སྔོན་མར་ཕོ་ལན་ལ་འཚམས་འདྲི་བྱས་པ་དེ་ལས་ཨ་མེ་རི་ཁས་ཕོ་ལན་གྱི་བདེ་འཇགས་ལ་རྒྱབ་སྐྱོར་བྱེད་བཞིན་པ་མཚོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག