མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་མན་དང་སི་ཕན་གྱིས་སྐྱེལ་འདྲེན་དང་གནས་སྐོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-01 19:52

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨན་མན་དང་སི་ཕན་གྱིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་མཱ་སི་ཁཱ་ཐི་ནས་བཟོད་སྒོམ་བརྗེད་ཐོ་སྣ་གསུམ་བཀོད་དེ། སྐྱེལ་འདྲེན་དང་གནས་སྐོར། ཡིག་ཚགས་དོ་དམ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས། རྒྱལ་ཁབ་གཉིས་ཀྱིས་ད་རུང་དཔྱ་ཁྲལ་བརྩེགས་མ་དང་ཁྲལ་མི་འཇལ་བར་སྔོན་འགོག་བྱེད་པའི་གྲོས་མཐུན་བཀོད།

སི་ཕན་གྱི་རྒྱལ་བོ་ཧུའུ་ཨན་ཁཱ་ལོ་སི་སྐུ་ཕྲེང་དང་པོས་མིག་སྔར་ཨན་མན་དུ་འཚམས་འདྲི་བྱེད་བཞིན་ཡོད་པ་དང་། འཚམས་འདྲིའི་སྐབས་བཀོད་པའི་གོང་གི་གྲོས་མཐུན་དེ་ལྟར་ན། ཕྱོགས་གཉིས་ཀྱིས་སྐྱེལ་འདྲེན་དང་གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མི་སྣའི་འཚམས་འདྲིའི་བྱ་འགུལ་ལ་ཤུགས་སྣོན་བྱས་ཤིང་། ཉམས་མྱོང་དང་ལས་རིགས་ཀྱི་བརྡ་འཕྲིན་བརྗེ་རེས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པས་ཕན་ཚུན་ལ་དངུལ་གཏོང་བར་ཡར་སྐུལ་བྱེད་རྒྱུ་རེད།

ཧུའུ་ཨན་ཁཱ་ལོ་སི་སྐུ་ཕྲེང་དང་པོ་ཟླ་བཞི་བའི་ཚེས་ཉེར་དགུའི་ཉིན་མཱ་སི་ཁཱ་ཐི་རུ་འབྱོར་ནས་ཨན་མན་དུ་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱེད་མགོ་བརྩམས། ཨན་མན་གྱི་མགོ་གཙོ་ཁཱ་པུའུ་སི་ཡིས་ཚེས་ཉེར་དགུའི་ཉིན་གྱི་དགོང་མོར་ཧུའུ་ཨན་ཁཱ་ལོ་སི་སྐུ་ཕྲེང་དང་པོར་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་མཛའ་མཐུན་འབྲེལ་བར་ཤུགས་སྣོན་པ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་གྲོས་བསྡུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག