མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁོར་ཡུག་པུའུ་ཀྲང་གྲོས་ཚོགས་ཐེངས་བཅུ་དྲུག་པ་གྲོལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:49

第十六次中日韩环境部长会议闭幕.jpg

  ཟླ་བཞི་བའི་ཚེས་ཉེར་དགུའི་ཉིན། ཧན་གོའི་ཏཱ་ཁྱིག་གྲོང་ཁྱེར་ནས། ཀྲུང་གོའི་ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིས་ཀན་ཅེ་དང་། ཧན་གོའི་ཁོར་ཡུག་པུའུ་ཡི་པུའུ་ཀྲང་དབྱིན་ཁྲིན་ཁོས། འཇར་པན་གྱི་ཁོར་ཡུག་བློན་ཆེན་ཧྲི་ཡོན་ཧྲི་ཧོང་བཅས་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁོར་ཡུག་པུའུ་ཀྲང་གྲོས་ཚོགས་ཐེངས་བཅུ་དྲུག་པ་ཚེས་ཉེར་དགུའི་ཉིན་ཧན་གོའི་ཏཱ་ཁྱིག་གྲོང་ཁྱེར་ནས་གྲོལ། རྒྱལ་ཁབ་གསུམ་གྱི་ཁོར་ཡུག་དཔོན་རིགས་ཀྱིས་རྒྱལ་ནང་གི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲུབ་བ་འབྲས་དང་། ས་ཁོངས་དང་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

  གྲོས་ཚོགས་ནས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁོར་ཡུག་མཉམ་ལས་ཀྱི་མཉམ་འབྲེལ་འགུལ་སྐྱོད་འཆར་གཞིའི་ལག་བསྟར་གནས་ཚུལ་ལ་དཔྱད་འཇོག་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། མ་འོངས་པའི་ལོ་ལྔའི་མཉམ་ལས་ཀྱི་ཁྱབ་ཁོངས་གཙོ་བོ་སྟེ། མཁའ་དབུགས་ཀྱི་སྤུས་ཚད་ལེགས་བཅོས་དང་། སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ། གློག་རྡུལ་མཁོ་མེད་དངོས་རྫས་ཀྱི་དོ་དམ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད། ཞིང་སྡེའི་ཁོར་ཡུག་སྲུང་སྐྱོབ་སོགས་ནང་དོན་དགུ་ལ་ཆོག་མཆན་བཀོད།

  ཀྲུང་གོའི་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ལིས་ཀན་ཅེ་དང་། ཧན་གོའི་ཁོར་ཡུག་པུའུ་ཀྲང་དབྱིན་ཁྲིན་ཁོས། དེ་མིན་འཇར་པན་གྱི་ཁོར་ཡུག་བློན་ཆེན་ཧྲི་ཡོན་ཧྲིན་ཧོང་བཅས་ཀྱིས་སོ་སོར་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས།

  ལིས་ཀན་ཅེ་ཡིས་འདས་པའི་ལོ་གཅིག་གི་ནང་ཀྲུང་གོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་འབྲས་གསར་བ་མཚམས་སྦྱོར་བྱས་པར་མ་ཟད། གཙོ་བོ་ཀྲུང་གོས་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བྱེད་པའི་ཐད་བསྒྲུབས་པའི་བྱ་བ་མཚམས་སྦྱོར་བྱས། ཧན་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་པུའུ་ཀྲང་གིས་ཀྲུང་གོས་སྤེལ་བའི་བྱ་བར་གཟེངས་བསྟོད་བྱས་པར་མ་ཟད། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། ཧན་གོ་དང་འཇར་པན་གྱི་པུའུ་ཀྲང་གིས་སོ་སོར་རྒྱལ་ཁབ་རང་གི་ཁོར་ཡུག་སྲིད་ཇུས་ཐད་ཀྱི་གྲུབ་འབྲས་གསར་བ་མཚམས་སྦྱོར་བྱས།

  གྲོས་ཚོགས་སྐབས་སུ་ད་རུང་ཉིས་སྟོང་བཅུ་བཞི་ལོའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་ཁོར་ཡུག་པུའུ་ཀྲང་བྱ་དགའ་བྱིན་པ་དང་། ཀྲུང་གོའི་ཕྱོགས་ཀྱི་བྱ་དགའ་དེ་ཐོབ་མཁན་ནི་ཀྲུང་གོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་གི་རླུང་ཁམས་ཆེན་མོའི་ཁོར་ཡུག་ཞིབ་འཇུག་ཁང་གི་སོ་ཀྲང་གཞོན་པ་མིན་ཧྥན་རེད།

  ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁོར་ཡུག་པུའུ་ཀྲང་གྲོས་ཚོགས་ནི་རྒྱལ་ཁབ་གསུམ་གྱི་མགོ་གཙོའི་གྲོས་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། ས་ཁོངས་ཁོར་ཡུག་ཐད་ཀྱི་ཐུན་མོང་གི་གནད་དོན་ལ་གྲོས་བསྡུར་དང་ཐག་གཅོད་བྱས་ཏེ། ས་ཁུལ་རང་གི་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་ཆེད་དུ་ཡིན་ཞིང་། གྲོས་ཚོགས་དེ་རྒྱལ་ཁབ་གསུམ་གྱིས་རེས་མོས་བྱས་ཏེ་ལོ་རེར་ཐེངས་རེ་སྤེལ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག