མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕེའོ་ཅིན་ཧོས་ཀྱིས་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་ཐད་ནས་རྒྱལ་དམངས་ལ་དགོངས་དག་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཚེས་ཉེར་དགུའི་ཉིན་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ནས་རྒྱལ་སྲིད་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་འགྲུལ་སྐྱེལ་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་ཐད་ནས་དངོས་སུ་དགོངས་དག་ཞུས།

ཕེའོ་ཅིན་ཧོས་ཀྱིས་བསྟན་དོན། ཧན་གོའི་སྲིད་གཞུང་གིས་སྔ་མོ་ནས་དོན་རྐྱེན་སྔོན་འགོག་བྱེད་མ་ཐུབ་པ་དང་། ཕྱོགས་སོ་སོའི་བྱ་བ་དོན་འཁྱོལ་གང་ལེགས་བྱུང་མེད་ལ། ཤི་བོའི་ཁྱིམ་མི་དང་རྒྱལ་དམངས་ལ་སྐྱོ་ངལ་ཆེན་པོ་བྱེད་དུ་བཅུག་པས་དེར་དགོངས་དག་ཞུས་པ་ཡིན་ཞིང་། དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བའི་འདས་པོ་རྣམས་ལ་མྱ་ངན་ཞུས་པའི་ཞོར་དུ་ཁོ་ཚོའི་ཁྱིམ་མི་དག་ལ་སྙིང་ཐག་པ་ནས་འཚམས་འདྲི་བྱས་པ་ཡིན་ཟེར།

ཕེའོ་ཅིན་ཧོས་ཀྱིས་ཐེངས་འདིའི་དོན་རྐྱེན་དེ་ཧན་གོའི་བདེ་འཇགས་མ་ལག་ཡང་བསྐྱར་གསར་སྐྲུན་བྱེད་སའི་མགོ་རྩོམ་སར་བྱེད་དགོས་པ་དང་། ནེ་ཀི་ཡིས་རྒྱལ་ཁབ་ཀྱི་སྣང་བརྙན་གསར་བཞེངས་བྱས་ཏེ་རྒྱལ་དམངས་ཀྱི་བདེ་འཇགས་སྲིད་ཇུས་བཟང་བོ་གཏན་འབེབས་བྱེད་དགོས་པའི་རེ་བ་བཏོན།

དེ་ལས་གཞན་ཕེའོ་ཅིན་ཧོས་ཉིན་དེའི་སྔ་དྲོར་ཅིན་ཅི་ལམ་གྱི་ཨན་ཧྲན་གྲོང་ཁྱེར་གྱི་གྲུ་གཟིངས་རྒྱ་མཚོར་ནུབ་པའི་འདས་པོར་གཅིག་བསྡུས་ཀྱིས་དུར་མཆོད་བྱེད་སར་སོང་ནས་མྱ་ངན་ཞུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག