མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་ཁབ་དེའི་བོར་གཏོར་བྱུང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་ཆ་བྱིན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་དགུའི་ཉིན་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་གནས་སྐབས་གཞུང་ཚབ་ཚབ་མ་བོ་ལོ་ཅཱ་ཀི་དབྱེ་ཡིས་རྒྱལ་ཁབ་དེས་ཉེ་སྔོན་འཁྲུག་རྩོད་ཁྲོད་བོར་གཏོར་བྱུང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་ཆ་བྱིན།

ཕན་ཅི་ཝུན་གྱིས་བཤད་རྒྱུར། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཉར་འཇོག་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལ་འབྲེལ་བའི་ཡིག་ཆ་དེ་ཉེ་སྔོན་རྒྱལ་ས་པན་ཅི་ཡི་འཁྲུག་རྩོད་ཁྲོད་བོར་བརླག་བྱུང་བ་དང་། རྒྱལ་ཁབ་དེའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཏུའུ་ཏུའུ་ཡི་རེ་བ་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འགྱུར་པུའུ་ཡིས་རྒྱལ་ཁབ་དེར་འབྲེལ་ཡོད་ཆིངས་ཡིག་དང་གྲོས་ཆོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔེ་དེབ་དང་སྙན་ཞུ་སོགས་ཡིག་ཆ་གལ་ཆེན་རེ་འགའ་འདོན་སྤྲོད་བྱས་པ་དང་། དེའི་ནང་ཆེས་སྔ་བའི་ཡིག་ཆ་ནི་གཅིག་སྟོང་དགུ་བརྒྱ་དྲུག་ཅུའི་སྐབས་ཀྱི་རེད། ཕན་ཅི་ཝུན་གྱིས་ཡིག་ཆ་དེ་དག་ལ་འདུས་པའི་རྩ་དོན་གྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞི་བདེ་སླར་གསོ་བྱེད་པར་རམ་འདེགས་ཐེབས་ཐུབ་པར་མ་ཟད་འཛམ་གླིང་ཡོངས་ལ་བྱས་རྗེས་འཇོག་ཐུབ་ཟེར།

བོ་ལོ་ཅཱ་ཀི་དབྱེ་ཡིས་མཛད་སྒོའི་སྟེང་ཕན་ཅི་ཝུན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཁྲིམས་སྲོལ་དང་གྲོས་མཐུན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་བཅས་ཀྱི་ཡིག་ཆ་དེ་དག་མཁོ་གལ་ཆེ་བའི་མིའི་ལག་ཏུ་བཞག་སྟེ་བེད་སྤྱོད་གང་ལེགས་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག