མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི36རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ནས་ཚེས་ཉེར་དགུའི་ཉིན་གྱི་ཉིན་གུང་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་སོ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་གྱ་ལྔ་ལ་རྨས་ཕོག

བསྒྲགས་པའི་གནས་ཚུལ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ཀྲ་ཧཱ་ལཱ་ས་ཁུལ་ནས་བྱུང་བ་དང་། ཤི་བོ་མང་ཆེ་བ་བུད་མེད་དང་བྱིས་པ་རེད་ཟེར།

མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཉུང་མཐར་ཡང་འགད་རྫས་དྲུད་པའི་རླངས་འཁོར་གཉིས་ཀྱིས་འགས་གཏོར་བཏང་བ་རེད། འཇབ་རྒོལ་དོན་རྐྱེན་དེ་རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་རྒྱབ་སྐྱོར་འཐབ་ཕྱོགས་ཀྱིས་ལག་བསྟར་བྱས་པར་དོགས་པ་ཡོད་ཟེར། རྒྱབ་སྐྱོར་འཐབ་ཕྱོགས་ནི་སི་རི་ཡཱའི་མངའ་ཁོངས་ཀྱི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་གཙོ་བོ་ཡིན་ལ། རྩ་འཛུགས་དེ་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་མང་བོར་འབྲེལ་བ་ཡོད་པར་སྐྱོན་འཛུགས་ཐེབས་ཡོད་ཟེར།

ཀྲ་ཧཱ་ལཱ་ས་ཁུལ་ནི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཚོད་འཛིན་བྱེད་བཞིན་ཡོད་ལ། ས་ཁུལ་དེའི་སྡོད་དམངས་མང་ཤོས་ཀྱིས་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

ཉིན་དེའི་སྔ་དྲོར། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ལ་སྒྱོགས་མདེལ་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་གཉིས་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ལྔ་བཅུ་ལ་རྨས་ཕོག་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག