མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམག་དོན་ཞིབ་བཤེར་མི་སྣ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་བཀག་འཇུག་བྱས་པར་རྒོལ་གཏམ་དྲག་པོ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-29 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས28ཉིན་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམག་དོན་ཞིབ་བཤེར་མི་སྣ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་བཀག་འཇུག་བྱས་པར་རྒོལ་གཏམ་བཏང་བ་དང་། འབྲེལ་ཡོད་ཕྱོགས་ཀྱིས་མྱུར་དུ་ཞིབ་བཤེར་མི་སྣ་དེ་དག་ཆ་རྐྱེན་ཅི་ཡང་མེད་པར་ཕྱིར་གཏོང་དགོས་པའི་རེ་བ་བཏོན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཉིན་དེར་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། བཙན་ཁྲིད་མཁན་གྱིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམག་དོན་ཞིབ་བཤེར་མི་སྣ་དེ་དག་མྱུར་མོར་ཕྱིར་གཏོང་དགོས་པའི་རེ་བ་བཏོན།

ཕན་ཅི་ཝུན་གྱིས་བསྟན་དོན། མུ་མཐུད་དུ་ཁྲིམས་འགལ་བྱ་སྤྱོད་བཟོ་མཁན་དེ་དག་གིས་དགོས་ངེས་ཀྱི་འགན་འཁྲི་དང་ལེན་བྱེད་དགོས་ཟེར། ཁོས་ད་རུང་དོན་དེར་ཤུགས་རྐྱེན་ཐེབས་སྲིད་པའི་འབྲེལ་ཡོད་ཕྱོགས་སོ་སོས་མྱུར་དུ་མི་སྣ་ཕྱིར་གཏོང་བར་རོགས་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་དུ་བྱ་བ་བསྒྲུབ་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མི་སྣས་རང་གི་འགན་འཁྲི་ལག་བསྟར་བྱེད་སྐབས་བཀག་རྒྱ་ཐེབས་མི་རུང་ཟེར།

ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཏོན་པཱ་སི་རང་སྲུང་རུ་ཁག་གིས་ཚེས་ཉེར་ལྔ་ཉིན་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁཡེར་ཉེ་འདབས་ནས་ཝུའུ་ཁི་ལན་གྱི་དམག་མི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམག་དོན་ཞིབ་བཤེར་མི་སྣ་སྐོར་ཞིག་བཀག་འཇུག་བྱས་པ་དང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་མངག་པའི་དམག་དོན་ཞིབ་བཤེར་མི་སྣ་དེ་དག་ནི་འཇར་མན་དང་། ཅེ་ཁི། ཏེན་མག ཕོ་ལན། སུའེ་ཏེན་བཅས་ནས་ཡོང་བ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། མིག་སྔར་སུའེ་ཏེན་ནས་ཡོང་བའི་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ཞིབ་བཤེར་མི་སྣ་གཅིག་བདེ་ཐང་དབང་གིས་ཕྱིར་བཏང་བ་ལས་མི་གཞན་པ་དག་སྔར་བཞིན་བཀག་འཇུག་བྱས་ཡོད། བཀག་འཇུག་ཐེབས་པའི་མི་རྣམས་ཀྱིས་ཚེས་ཉེར་བདུན་ཉིན་གསར་འགྱུར་ལས་རིགས་ལ་ཐུག་ནས། ཕྱི་ཕྱོགས་ལ་ཁོ་ཚོའི་གནས་ཚུལ་བཟང་བ་བདེན་དཔང་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག