མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདེ་འཇགས་སྡེ་ཁག་གི་བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱེད་པའི་ཐད་ཀྱི་ནུས་པར་ཤུགས་སྣོན་བྱེད་རྒྱུ་ཐག་བཅད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-29 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་གྲོས་ཆོད་བཀོད་དེ། འཁྲུག་རྩོད་རྗེས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་སྡེ་ཁག་བཅོས་བསྒྱུར་བྱེད་པའི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས་པ་དང་། མུ་མཐུད་དུ་བདེ་འཇགས་སྡེ་ཁག་གི་བཅོས་བསྒྱུར་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་སོགས་ལས་འགན་གཏན་འཁེལ་བྱེད་པའི་ཁག་ཅིག་ཏུ་བཞག་སྟེ་བསམ་བློ་གཏོང་རྒྱུ་མ་ཟད། མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་བདེ་འཇགས་སྡེ་ཁག་ལ་བཅོས་བསྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་པའི་ནུས་པར་ཡར་སྐུལ་བྱེད་པའི་ཆོད་སེམས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག