མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་སྲིད་གཞུང་གིས་མུ་མཐུད་དུ་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་བར་གྲོས་མོལ་བྱེད་རྒྱུ་ཐག་བཅད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-29 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་མཐོ་རིམ་བདེ་འཇགས་གྲོས་ཚོགས་བསྡུས་ཏེ། མུ་མཐུད་དུ་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་བར་གྲོས་མོལ་བྱེད་རྒྱུ་ཐག་བཅད་པར་མ་ཟད། སྐོར་ཐེངས་རྗེས་མའི་གྲོས་མོལ་གྱི་ཉིན་རིམ་གཏན་འཁེལ་བྱས།

ཉིན་དེར་གྲོས་ཚོགས་ལ་ཞུགས་མཁན་ལ་ཕཱ་ཁི་སི་ཐན་ནང་སྲིད་པུའུ་ཡི་པུའུ་ཀྲང་ཨ་ལི་ཧན་དང་། སྐམ་དམག་གི་ཇུས་འདོན་དཔོན་པོ་ཞེ་ལི་ཧྥུའུ། དམག་གསུམ་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་དབྱི་སི་ལན་སོགས་དཔོན་པོ་གཙོ་བོ་དག་ཡོད།

ཨ་ལི་ཧན་གྱིས་ཚོགས་ཐོག་ནས་བསྟན་དོན། ད་ལྟ་ཞི་བའི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པར་ཡར་སྐུལ་བྱེད་པའི་དུས་ལ་བབས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག