མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥེ་ལེ་པེན་དང་ཨ་མེ་རི་ཁས་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་པའི་གྲོས་མཐུན་འགོད་རྒྱུ་ཡིན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་དཔོན་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཧྥེ་ལེ་པེན་དང་ཨ་མེ་རི་ཁས་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་པའི་གྲོས་མཐུན་དངོས་སུ་འགོད་རྒྱུ་ཡིན་ཟེར།

ཧྥེ་ལེ་པེན་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཀྱིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཧྥེ་ལེ་པེན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཅཱ་སི་མེན་དང་ཧྥེ་ལེ་པེན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པ་ཀུའུ་ཏི་པའོ་ཀི་གཉིས་ཀྱིས་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཧྥེ་ལེ་པེན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་པུའུ་ཨ་ཅི་ནཱ་ཨར་ཏའོ་དམག་སྒར་དུ་རྒྱལ་ཁབ་གཉིས་ཀྱི་ཚབ་བྱས་ཏེ་གྲོས་མཐུན་གསར་བ་དེ་འགོད་རྒྱུ་རེད་ཟེར།

གསར་འགྱུར་ལས་རིགས་ཀྱིས་དེའི་སྔོན་བསྒྲགས་པ་ལྟར་ན། ཡུན་ཚད་ལོ་ངོ་བཅུ་ཡིན་པའི་འགོག་སྲུང་གྲོས་མཐུན་གསར་བ་དེ་ལྟར་ན། ཧྥེ་ལེ་པེན་གྱིས་ཨ་མེ་རི་ཁའི་དམག་དཔུང་གིས་ཧྥེ་ལེ་པེན་གྱི་དམག་དོན་རྟེན་གཞི་བེད་སྤྱོད་བྱེད་པར་ཆོག་མཆན་འགོད་པ་དང་། ཨ་མེ་རི་ཁས་ཧྥེ་ལེ་པེན་གྱི་རེས་སྐོར་བཀོད་སྒྲིག་ཁ་སྣོན་བྱེད་པར་ཆོག་མཆན་འགོད་རྒྱུ་རེད།འབྲེལ་ཡོད་མི་སྣས་བཤད་རྒྱུར། གྲོས་མཐུན་དེའི་དུས་ཡུན་ལོངས་རྗེས་ཧྥེ་ལེ་པེན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དགོས་མཁོར་གཞིགས་ཏེ་མུ་མཐུད་དུ་གྲོས་མཐུན་བཀོད་ཆོག་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག