མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་མཱ་ལེ་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པར་ཐག་བཅད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལེ་ཞི་ཡཱའི་ཙུང་ལི་ནཱ་ཅི་པུའུ་དང་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ཉེར་བདུན་ཉིན་མཱ་ལེ་ཞི་ཡཱའི་སྲིད་འཛིན་རྒྱལ་ས་པུའུ་ཐི་ལཱ་ཅཱ་ཡཱ་ནས་གྲོས་མོལ་བྱས། ཕྱོགས་གིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་གཏོང་རྒྱུ་ཐག་བཅད་པ་དང་། ཁྱབ་ཁོངས་སོ་སོའི་གྲོས་མོལ་ནང་རྐྱེན་ལ་ཤུགས་སྣོན་པར་བརྩོན་པ་ལྷུར་ལེན་བྱེད་རྒྱུ་ཡིན་ཟེར།

ནཱ་ཅི་པུའུ་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཕྱོགས་གཉིས་ཀྱིས་དཔལ་འབྱོར་དང་བདེ་འཇགས། སློབ་གསོ། ཚན་རིག ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས་པ་དང་བསྟུན་ནས་མཱ་ལེ་ཞི་ཡཱ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསླེབ་སྲིད་ཟེར།

ཕྱོགས་གཉིས་ཀྱིས་ཞི་བདེ་རྒྱ་མཚོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་གྲོས་མོལ་ནས་གྲུབ་འབྲས་བླངས་པར་དགའ་བསུ་ཞུས། ནཱ་ཅི་པུའུ་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་གནས་པའི་གནད་དོན་རེ་འགའ་ཐག་གཅོད་བྱེད་པར་བརྩོན་བཞིན་ཡོད་ཟེར། ཨོ་པཱ་མཱ་ཡིས་བཤད་རྒྱུར། ཞི་བདེ་རྒྱ་མཚོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་བཀོད་ན་མཱ་ལེ་ཞི་ཡཱ་རྒྱལ་ཁབ་ཀྱིས་ཉིས་སྟོང་ཉི་ཤུའི་ལོ་སྔོན་ལ་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཏུ་འགྱུར་བའི་དམིགས་འབེན་མངོན་འགྱུར་བྱེད་པར་ཕན་པ་ཡོད་ཟེར།

ཨོ་པཱ་མཱ་ཡིས་ད་རུང་གར་སོང་མ་རྙེད་པའི་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུའི་སྟེང་གི་འགྲུལ་བ་དང་ལས་བྱེད་མི་སྣའི་ཁྱིམ་མི་ལ་འཚམས་འདྲི་བྱས་པར་མ་ཟད། ཨ་མེ་རི་ཁའི་ཕྱོགས་ཀྱིས་མུ་མཐུད་དུ་འབྲེལ་ཡོད་ཀྱི་འཚོལ་ཞིབ་དང་རྟོག་ཞིབ་བྱ་བར་རོགས་འདེགས་བྱེད་རྒྱུ་ཁས་ལེན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག