མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་གྱིས་རྒྱང་འཕེན་འཕུར་མདའ་འགོག་སྲུང་བྱེད་པའི་ཚོད་ལྟའི་བྱ་བ་ལེགས་འགྲུབ་བྱུང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་གར་གྱིས་ཚེས་ཉེར་བདུན་ཉིན་ཤར་ཕྱོགས་ཀྱི་ཨོ་ལི་སཱ་པང་གི་ཧོས་ལེ་གླིང་ཕྲན་ནས་རྒྱང་འཕེན་འཕུར་མདའ་འགོག་སྲུང་བྱེད་པའི་ཚོད་ལྟ་བྱས་པར་ལེགས་འགྲུབ་བྱུང་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེར་ཚོད་ལྟ་བྱས་པའི་ལེགས་བཅོས་བྱས་པའི་ས་གཞི་རྟགས་ཅན་གྱི་འཕུར་མདའ་འགོག་སྲུང་བྱེད་པའི་འཕུར་མདའ་ཞིག་ཡིན་པ་དང་། དེས་རླུང་ཁམས་ཆེན་མོའི་ཕྱི་རོལ་ནས་སྐར་མ་བཞིའི་སྔོན་སྤྱི་ལེ་བརྒྱ་ཙམ་གྱི་ཕྱི་རོལ་དུ་ཡོད་པའི་དམག་གྲུའི་སྟེང་གཏོང་འཕེན་བྱས་པའི་འཕུར་མདའ་བདེ་བླག་ངང་བཀག་འགོག་བྱས་པ་རེད་ཟེར།

རྒྱ་གར་རྒྱལ་སྲུང་ཞིབ་འཇུག་དང་འཕེལ་རྒྱས་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཀུའུ་ཕུའུ་ཐཱ་ཡིས་བཤད་རྒྱུར། ཐེངས་འདིའི་ཚོད་ལྟ་ནི་རྒྱ་གར་གྱིས་གསར་སྤེལ་བྱས་པའི་འཕུར་མདའི་འགོག་སྲུང་མ་ལག་གི་ཁག་ཅིག་ཡིན་པ་དང་། ཉིན་དེའི་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱས་པ་དང་། འབྲེལ་ཡོད་ཀྱི་གཞི་གྲངས་འཚོལ་སྡུད་བྱེད་པའི་བྱ་བ་ཡང་ཡོངས་འགྲུབ་བྱས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཚོད་ལྟའི་དམིགས་ཡུལ་ནི་རླུང་ཁམས་ཆེན་མོའི་ཕྱི་རོལ་ནས་འཕུར་མདའི་འཇབ་རྒོལ་འཕུར་མདའ་གཏོང་བའི་ཆེད་དུ་ཡིན་པ་དང་། གལ་ཏེ་ཕམ་ཁ་བྱུང་ན་མ་ལག་དེས་མུ་མཐུད་དུ་འཕུར་མདའ་གཏོང་འཕེན་བྱས་ཏེ་རླུང་ཁམས་ཆེན་མོའི་ཕྱི་རོལ་ནས་འཇབ་རྒོལ་འཕུར་མདའ་འགོག་པའི་ཚོད་ལྟ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག