མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ལ་བློ་ཉེ་བའི་ངོ་རྒོལ་མཁན་གྱིས་ཝུའུ་ཁི་ལན་ཏོན་ནེ་ཚི་ཁི་ཀྲིག་གི་རྒྱང་སྒྲོག་བརྙན་འཕྲིན་ཐོག་ཁང་ཆེན་མོ་བཙན་བཟུང་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་གྲོང་ཁྱེར་གྱི་ཨུ་རུ་སི་ལ་བློ་ཉེ་བའི་ངོ་རྒོལ་མཁན་བརྒྱ་ཕྲག་འགའ་ཡིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་ཀྲིག་དེའི་རྒྱང་སྒྲོག་བརྙན་འཕྲིན་ཀུང་ཟིའི་ཐོག་ཁང་ཆེན་མོ་བཙན་བཟུང་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། ངོ་རྒོལ་མཁན་གྱིས་སྒོ་ཆེན་ལ་གཏོར་བརླག་བྱས་རྗེས་ཀྲིག་རྒྱང་སྒྲོག་བརྙན་འཕྲིན་ཀུང་ཟིའི་ཐོག་ཁང་ཆེན་མོ་བཙན་བཟུང་བྱས་ཀྱང་། ཐོག་ཁང་དེའི་འགྲམ་དུ་ཡོད་པའི་ཉེན་རྟོག་པ་སུམ་ཅུ་ལྷག་གིས་མིག་མདུན་ནས་བྱུང་བའི་དོན་རྐྱེན་དེར་ཐེ་གཏོགས་ཅི་ཡང་མ་བྱས་ཟེར།

ངོ་རྒོལ་མཁན་ལྔ་བརྒྱ་ལྷག་གིས་ཐོག་ཁང་ཆེན་མོའི་མདུན་ནས་སི་ལཱ་ཝེ་དབྱེ་སི་ཁི་ནི་དཔའ་བོའི་གྲོང་ཁྱེར་ཡིན་པ་དང་། ཅི་ཧྥུའུ་ཡིས་ཏོན་ནེ་ཚི་ཁི་ལ་དོ་དམ་བྱེད་མི་རུང་བ་སོགས་ཀྱི་ཁ་གཡང་མཐོན་པོར་བསྒྲགས་པར་མ་ཟད། མི་ལ་ལས་ཐོག་ཁང་དེའི་ཀླད་དུ་ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་དར་ཆ་བསྒྲེངས། ངོ་རྒོལ་མཁན་གྱིས་ད་རུང་ཝུའུ་ཁི་ལན་གྱི་བརྙན་འཕྲིན་ལེ་ཚན་གཏོང་མཚམས་བཞག་སྟེ་ཨུ་རུ་སིའི་བརྙན་འཕྲིན་ལས་ཚན་གཏོང་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག