མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པའི་འགན་ཁུར་བས་སྨན་ཁང་གི་མེ་མདས་བརྒྱབ་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པའི་འགན་ཁུར་བས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཚེས་ཉེར་བཞིའི་ཉིན་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་བྱུང་བའི་སྐུ་སྲུང་བས་སྨན་པ་བསད་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཨ་ཧྥུའུ་ཧན་གནད་དོན་གྱི་དམིགས་བསལ་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པའི་འགན་ཁུར་བ་ཁུའུ་པུས་ཧྲི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དེ་འདྲའི་ཡ་ང་བའི་དྲག་ཤུགས་དོན་རྐྱེན་དེ་མི་སེར་དཀྱུས་མ་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་ཁྱད་པར་དུ་ནད་བཅོས་མྱུར་སྐྱོབ་བྱེད་པའི་སྨན་བཅོས་མི་སྣར་དམིགས་མི་རུང་ཟེར། ཐེངས་འདིའི་འཇབ་རྒོལ་ལས་ཨ་ཧྥུའུ་ཧན་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་པས། ངས་ཨ་ཧྥུའུ་ཧན་ཕྱོགསག་ཀྱིས་དོ་དེར་རྟོག་ཞིབ་གསལ་བོ་བྱེད་དགོས་པའི་སྐུལ་མ་བཏང་བ་ཡིན་ཟེར།

ཁུའུ་པུས་ཧྲི་ཡིས་ད་རུང་གསལ་སྒྲོག་སྤེལ་ཏེ་ཤི་བོའི་ཁྱིམ་མི་དང་ལས་རོགས་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

ཟླ་འདིའི་ཚེས་ཉེར་བཞིའི་ཉིན། ཨ་ཧྥུའུ་ཧན་གྱི་སྐུ་སྲུང་བ་ཞིག་གིས་ཁཱ་པོར་གྱི་སྨན་ཁང་ཞིག་ནས་མེ་མདས་བརྒྱབ་སྟེ་ཨ་མེ་རི་ཁའི་སྨན་པ་གསུམ་བསད་པ་དང་། སྨན་བཅོས་མི་སྣ་གཅིག་ལ་རྨས་ཕོག ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ལག་དམར་འཛིན་བཟུང་བྱས་པ་དང་། མིག་སྔར་ལག་དམར་དེའི་དམིགས་ཡུལ་ཅི་ཡིན་ལ་རྟོག་ཞིབ་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག