མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱའི་ནཱ་སཱ་ལཱ་ཝ་ཀྲིག་ནས་རིགས་རྒྱུད་ཚོ་ཁག་བར་འཁྲུག་རྩོད་བྱུང་སྟེ་མི34རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དཔོན་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་ནཱ་སཱ་ལཱ་ཝ་ཀྲིག་ནས་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་རིགས་རྒྱུད་ཚོ་ཁག་བར་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི་སོ་བཞི་རྐྱེན་ལམ་དུ་ཤོར་ཟེར།

ནཱ་སཱ་ལཱ་ཝ་ཀྲིག་གི་དཔོན་པོ་དབྱི་སི་མེ་ལཱ་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ས་དེའི་རིགས་རྒྱུད་ཚོ་ཁག་གཉིས་བར་ས་རྩོད་ཀྱི་དབང་གིས་འཁྲུག་རྩོད་བྱུང་བ་དང་། འཁྲུག་རྩོད་དེ་ཚེས་ཉེར་དྲུག་ཉིན་བར་རྒྱུན་བསྲིངས། མིག་སྔའི་བར་འཁྲུག་རྩོད་དེ་ལས་ཉུང་མཐར་ཡང་མི་སོ་བཞི་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ནཱ་སཱ་ལཱ་ཝ་ཀྲིག་ཏུ་དེའི་སྔོན་འཁྲུག་རྩོད་ཐེངས་མང་བྱུང་མྱོང་བ་དང་། ཐེངས་འདིའི་དྲག་ཤུགས་དོན་རྐྱེན་གྱིས་ཀྲིག་དེའི་གནས་བབ་སྔར་ལས་ཛ་དྲག་ཏུ་བཏང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག