མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་དམག་དཔུང་གིས་སི་རི་ཡཱའི་མངའ་ཁོངས་ནས་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བདེན་དཔང་བྱས་དོན། དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་མངའ་ཁོངས་ནས། འཇིགས་སྐུལ་རྩ་འཛུགས་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣར་ཆམ་ཕབ་བཏང་ཟེར།

དམག་ཕྱོགས་ཀྱིས་གསལ་སྒྲོག་ནང་བཤད་རྒྱུར། ཁོ་ཚོར་དེའི་སྔོན་ཡིད་རྟོན་རུང་བའི་གསང་འཕྲིན་འབྱོར་ཡོད་ལ། དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་རེ་འགས་སི་རི་ཡཱའི་མངའ་ཁོངས་ནས་དབྱི་རག་གི་མངའ་ཁོངས་སུ་རྡོ་སྣུམ་སྐྱེལ་འདྲེན་བྱེད་རྩིས་ཡོད། དབྱི་རག་གི་བདེ་འཇགས་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་ནས་རྒྱལ་མཚམས་བརྒལ་ཏེ་སི་རི་ཡཱའི་མངའ་ཁོངས་སུ་སོང་ནས། རྩ་འཛུགས་དེའི་སྣུམ་འདྲུད་རླངས་འཁོར་བརྒྱད་གཏོར་བ་དང་དྲག་ཆས་མི་སྣ་རེ་འགའ་བསད་ཟེར།

དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པ་ནི་རྟེན་གཞི་རྩ་འཛུགས་ཀྱི་ཡན་ལག་རུ་ཁག་ཅིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་དབྱི་རག་དང་སི་རི་ཡཱའི་མངའ་ཁོངས་སུ་འཇབ་རྒོལ་དོན་རྐྱེན་མང་བོ་བཟོ་བཞིན་ཡོད། ཟླ་འདིའི་ཚེས་ཉེར་ལྔ་ཉིན། རྩ་འཛུགས་དེས་པཱ་ཀ་ཏཱ་ནས་འདེམ་བསྐོའི་འགྲན་རྩོད་འདུ་ཚོགས་ལ་དམིགས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ཁྲོད་ཉུང་མཐར་ཡང་མི་སོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་བཅུ་ལ་རྨས་ཕོག་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག