མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་གནོན་ཤུགས་བྱིན་ཏེ་འཛིན་བཟུང་བྱས་པའི་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་ངོ་རྒོལ་བྱེད་མཁན་གྱི་མགོ་བ་ཕྱིར་གཏོང་དུ་འཇུག་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་དྲུག་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་ཁ་པར་བཏང་སྟེ། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་གནོན་ཤུགས་བྱིན་ཏེ་འཛིན་བཟུང་བྱས་པའི་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་ངོ་རྒོལ་བྱེད་མཁན་གྱི་མགོ་བ་ཕྱིར་གཏོང་དུ་འཇུག་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། མྱུར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཝུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་དགོས་གལ་ཆེ་ཟེར། ཁི་ལེ་ཡིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་རང་སྟེང་གི་ཤུགས་རྐྱེན་ལ་བརྟེན་ནས་ཅུ་ཧྥུའུ་དབང་འཛིན་ལས་ཁུངས་ཀྱིས་གནས་བབ་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་གནད་དོན་ཐག་གཅོད་གང་ལེགས་བྱེད་པར་སྐུལ་མ་གཏོང་རྒྱུ་ཡིན་ཟེར།

དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ནུབ་ཕྱོགས་དམག་དོན་ཞིབ་བཤེར་མི་སྣ་ཝུའུ་ཁི་ལན་ནས་བཀག་འཇུག་བྱས་པའི་གནད་དོན་ཐག་གཅོད་བྱེད་པར་སྤྱོད་དགོས་པའི་བྱེད་ཐབས་ལ་གྲོས་བསྡུར་བྱས། ལཱ་ཧྥུའུ་ལོ་ཧྥུའུ་དང་ཁི་ལེ་གཉིས་ཀྱིས་ད་རུང་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་བྱ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་བརྒྱ་ཆའི་གོ་གཉིས་གནས་གཞན་དུ་བསྐྱལ་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ད་རུང་ཡོ་རོབ་གླིང་བདེ་འཇགས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་པའོ་ཁི་ཧཱ་ཨར་ཐི་ལ་ཁ་པར་བཏང་། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཡོ་རོབ་གླིང་བདེ་འཇགས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་རོགས་འདེགས་བྱས་ཏེ། ཆབ་སྲིད་ཀྱི་དབང་གིས་བཀག་འཇུག་བྱས་པའི་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་སྤྱི་ཚོགས་མི་སྣ་མྱུར་མོར་ཕྱིར་གཏོང་བར་སྐུལ་མ་གཏོང་དགོས་པའི་རེ་བ་བཏོན། པའོ་ཁི་ཧཱ་ཨར་ཐི་ཡིས་བསྟན་དོན། ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་ངོ་རྒོལ་མཁན་གྱི་ལག་ནས་འཛིན་བཟུང་བྱས་པའི་མི་སྣའི་མིང་ཐོ་གསལ་བོ་རྒྱུས་ལོན་བྱས་ཏེ་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག