མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མི་སྣ་མྱུར་དུ་ཕྱིར་གཏོང་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-27 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ནཱ་ཏཱ་ཨར་གྱིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམག་དོན་ཞིབ་བཤེར་མི་སྣ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་བཀག་འཇུག་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། བཀག་འཇུག་བྱས་པའི་མི་སྣ་མྱུར་དུ་ཕྱིར་གཏོང་དགོས་པའི་རེ་བ་བཏོན།

ནཱ་ཏཱ་ཨར་གྱིས་བསྟན་དོན། ཞིབ་བཤེར་མི་སྣ་དེ་དག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དབང་ཆ་ཐོབ་ཡོད་པ་དང་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་འབད་བརྩོན་བྱས་ཏེ། ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པ་ཡིན་པས། ཁོ་ཚོ་དཔུང་འཇུག་གི་དམིགས་ཡུལ་དུ་བྱེད་པ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར།

ཝུའུ་ཁི་ལན་ས་ཁུལ་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཏོན་པཱ་སི་རང་སྲུང་རུ་ཁག་གིས་ཚེས་ཉེར་ལྔ་ཉིན་ཏོན་ནེ་ཚི་ཁི་ཀྲིག་གི་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་ཉེ་འདབས་ནས་ཝུའུ་ཁི་ལན་གྱི་དམག་མི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམག་དོན་ཞིབ་བཤེར་མི་སྣ་དྲུད་ཡོད་པའི་རླངས་འཁོར་ཞིག་བཀག་འཇུག་བྱས། རྩ་འཛུགས་དེའི་མགྲིན་ཚབ་པས་ཚེས་ཉེར་དྲུག་ཉིན་བསྟན་དོན། བཀག་འཇུག་བྱས་པའི་མི་སྣ་མིག་སྔར་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་རྒྱལ་ཁབ་བདེ་འཇགས་ཅུའི་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་ཡན་ལག་ཅུའུ་ཡི་ཐོག་ཁང་ཆེན་མོའི་ནང་ཡོད་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག