མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨུ་རུ་སུས་ནུས་ཤུགས་ཡོད་རྒུས་ཝུ་ཁེ་ལན་དུ་བཀག་ཉར་བྱས་པའི་ཡོ་རོབ་བདེ་འཇགས་སྒྲིག་འཛུགས་ཀྱི་དམག་དོན་ཉིང་རྡུལ་ཞིབ་བཤེར་མི་སྣ་གློད་འགྲོལ་གཏོང་རྒྱུའི་རེ་འབོད་བྱས་པ།

རྩོམ་པ་པོ། བཀྲ་ཤིས་དབང་ཕྱུག  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-27 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧྲེ་ཐད་དབྱིན་མེར་གྱིས་སྤྱི་ཚེས་25ཉིན་གྱི་དགོང་མོ་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུར་ཞལ་པར་བསྐྱོན་ཏེ། ཨུ་རུ་སུས་ནུས་ཤུགས་ཡོད་རྒུས་ཝུ་ཁེ་ལན་ཤར་རྒྱུད་གྲོང་ཁྱེར་སི་ལི་ཝེ་ཡང་སི་ཁེར་བཀག་ཉར་བྱས་པའི་ཡོ་རོབ་བདེ་འཇགས་སྒྲིག་འཛུགས་ཀྱི་དམག་དོན་ཞིབ་བཤེར་མི་སྣ་གློད་འགྲོལ་གཏོང་རྒྱུའི་རེ་འབོད་བྱས་ཡོད་པ་རེད།

འཇར་མན་ཕྱི་འབྲེལ་པུའི་པུའུ་ཀྲང་གི་མགྲིན་ཚབ་པ་ཞིག་གིས་འཇར་མན་ཕྱི་འབྲེལ་པུའུ་ནས་ཉམས་ཉེན་ཐག་གཅོད་བྱེད་མཁན་ཚོ་ཆུང་ཞིག་སྒྲིག་འཛུགས་བྱས་ཏེ་ཡོ་རོབ་བདེ་འཇགས་སྒྲིག་འཛུགས་ཀྱི་དམག་དོན་ཞིབ་བཤེར་མི་སྣ་བཀག་ཉར་བྱས་པའི་དོན་རྐྱེན་ལ་ཁ་གཏད་བཅག་རྒྱུ་དང་། འཇར་མན་ཕྱོགས་ནས་འབད་བརྩོན་གང་ཡོད་བྱས་ཏེ་གནས་ཚུལ་གང་འདྲ་ཐོན་ཚུལ་ལ་ཤེས་རྟོགས་བྱེད་བཞིན་ཡོད་ཅེས་བཤད་འདུག

འཇར་མན་རྒྱལ་སྲུང་པུའི་པུའུ་ཀྲང་བེང་ཏེ་ལའི་ཨན་གྱིས་སྤྱི་ཚེས་25ཉིན་ཡོ་རོབ་བདེ་འཇགས་སྒྲིག་འཛུགས་ཀྱི་དམག་དོན་ཞིབ་བཤེར་མི་སྣ་བཀག་ཉར་བྱས་པའི་ནང་འཇར་མན་གྱི་དམག་དོན་མི་སྣ་གསུམ་དང་འཇར་མན་གྱི་སྐད་སྒྱུར་བྱེད་མཁན་གཅིག་ཚུད་ཡོད་པ་གཏན་འཁེལ་བྱས་ཡོད་པ་རེད། འཇར་མན་གྱིས་ཕྱི་འབྲེལ་ཐབས་ལམ་བརྒྱུད་བཀག་ཉར་བྱས་པའི་མི་སྣ་གང་མགྱོགས་བདེ་བླག་ངང་གློད་འགྲོལ་ཡོང་ཐབས་བྱེད་བཞིན་ཡོད་ཅེས་གསུངས་ཡོད་ན་ཡང་། ཁོང་གིས་བཀག་ཉར་བྱས་པའི་མི་སྣའི་ཞིབ་ཕྲའི་གནས་ཚུལ་ཁྱབ་བསྒྲགས་གནང་མེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག