མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་འདེམས་བསྐོའི་ནང་ཨབ་ཏུ་ལར་འདེམས་ཤོག་མང་ཤོས་ཐོབ་པ།

རྩོམ་པ་པོ། བཀྲ་ཤིས་དབང་ཕྱུག  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-27 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྨྱན་སྦྱོར་ལས་རིགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་འདེམས་བསྐོ་ཆེན་མོའི་འཕེན་ཤོག་སྤྱིའི་བཅུ་ཆ་བརྒྱད་ཡན་སྡོམ་བརྩིས་བྱས་ཟིན་ཞིང་། ངོ་རྒོལ་ཏང་གི་གཙོ་འཛིན་ཨབ་ཏུ་ལ་མིག་སྔར་བརྒྱ་ཆ་43.8ཀྱི་ཐོབ་གྲངས་ཐོག་ནས་སྔར་བཞིན་ཨང་དང་པོ་ཡིན་པ་རེད།

ཨ་ཧྥུ་ཀ་ནི་སི་ཐན་རང་ཚུགས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས་24ཉིན་ཁོ་ཚོས་འཕེན་ཤོག་ནང་ནས་བརྒྱ་ཆ་82 སྡོམ་བརྩིས་བྱས་ཟིན་ཞིང་། འཕེན་ཤོག་ཐོབ་མང་ཤོས་གསུམ་གྱི་འོས་མིའི་གོ་རིམ་ལ་འགྱུར་བ་མེད། ནོར་སྲིད་པུའུ་ཀྲང་ཟུར་པ་ཨེ་ཧ་མེ་ཏེ་བཀྲ་དབྱི་འཕེན་ཤོག་ཐོབ་ཚད་བརྒྱ་ཆ་32.9ཐོག་ནས་ཨང་གཉིས་པར་སླེབས་པ་དང་། ཕྱི་འབྲེལ་པུའུ་ཀྲང་ཟུར་པ་བཀྲ་ལེ་མན་ལ་སུར་འཕེན་ཤོག་ཐོབ་ཚད་བརྒྱ་ཆ་11.1གི་ཐོག་ནས་ཨང་གསུམ་པར་སླེབས་པ། དེ་བྱིངས་ཀྱིས་འོས་སྒུག་མི་སྣ་ལྔ་ཚང་མའི་འཕེན་ཤོག་ཐོབ་ཚད་བརྒྱ་ཆ་10ལས་བརྒལ་མེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག