མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ་བདུན་ཚོགས་པས་ཨུ་རུ་སུར་བཀག་སྡོམ་གསར་པ་བྱེད་རྒྱུར་མོས་མཐུན་བྱས་པ།

རྩོམ་པ་པོ། བཀྲ་ཤིས་དབང་ཕྱུག  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-27 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བདུན་ཚོགས་པའི་འགོ་ཁྲིད་པས་སྤྱི་ཚེས་25ཉིན་གྱི་དགོང་མོ་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ་ཁོ་ཚོས་གང་མགྱོགས་བྱ་སྤྱོད་བཟུང་ནས་ཨུ་རུ་སུར་བཀག་སྡོམ་གསར་པ་བྱེད་རྒྱུར་མོས་མཐུན་བྱས་ཡོད། འོན་ཀྱང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ཝུ་ཁེ་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་རྒྱུའི་སྒོ་སྔར་བཞིན་ཕྱེ་ཡོད་ཅེས་བཤད་ཡོད་པ་རེད།

ཕོ་བྲང་དཀར་པོས་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ནང་། རྒྱལ་ཁབ་བདུན་ཚོགས་པ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་ཀྱིས་ཛ་དྲག་གི་བྱ་སྤྱོད་བཟུང་ནས་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཁས་ལེན་བྱས་ཡོད་པས་ཨ་རུ་སུས་ཝུ་ཁེ་ལན་གྱི་གནད་དོན་ཐད་བཟུང་བའི་བྱ་སྤྱོད་ཀྱི་རིན་དོད་ཆེ་རུ་ཆེ་ཕྱིན་ཡོད་ཅེས་དང་། ཨུ་རུའུ་སུས་ཞིབ་ཕྲའི་བྱ་སྤྱོད་བཟུང་ནས་རི་ནི་ཝའི་ཡིག་ཆ་དོན་འཁྱོལ་བྱེད་དགོས་པར་མ་ཟད། ད་དུང་གླེང་ཕྱོགས་དང་དམག་དོན་ཐད་ནས་གནས་བབ་ཛ་དྲག་ཏུ་གཏོང་གི་ཡོད་ཅེས་སྐྱོན་འཛུགས་བྱས་ཡོད་པ་རེད། རྒྱལ་ཁབ་བདུན་ཚོགས་པའི་འགོ་ཁྲིད་ཀྱིས་མ་གཞི་ཁོ་ཚོས་སྔར་བཞིན་དགོས་ངེས་སྐབས་ཨུ་རུ་སུར་ཁྱབ་ཆེ་བ་དང་མཐུན་སྦྱོར་གཅིག་མཐུན་གྱི་བཀག་སྡོམ་བྱེད་བརྩིས་ཡོད་རུང་། ཕྱི་འབྲེལ་གྱི་ཐོག་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་སྒོ་སྔར་བཞིན་ཕྱེ་ཡོད་ཅེས་གསུང་གི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག