མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མོ་ཁེར་གྱིས་ཨུ་རུ་སུར་བཀག་སྡོམ་བྱ་ཐབས་གསར་པ་སྤྱོད་དགོས་ཞེས་བཤད་པ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-26 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་སྤྱི་ཚེས25ཉིན། མིག་སྔའི་གནས་ཚུལ་འོག་ཡོ་རོབ་མནའ་འབྲེལ་དང་ཨ་རིས་རེས་འཁོར་གཉིས་པའི་བཀག་སྡོམ་སྒྲོམ་གཞིའི་འོག་ཨུ་རུ་སུར་བཀག་སྡོམ་བྱ་ཐབས་གསར་པ་སྤྱོད་དགོས་ཞེས་གསུངས་འདུག མོ་ཁེར་གྱིས་ཉིན་དེར་འཚམས་འདྲིར་ཕེབས་པའི་ཕོ་ལན་གྱི་ཙུང་ལི་ཐུར་སི་ཁེ་དང་ལྷན་དུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུར་ཞུགས་སྐབས། ཡོ་རོབ་མནའ་འབྲེལ་དང་དེ་བཞིན་རྒྱལ་ཁབ་བདུན་གྱི་ཚོགས་པས་བྱ་ཐབས་གཅིག་པ་སྤྱོད་དགོས་པ་དང་། ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་གང་མགྱོགས་འཚོགས་དགོས་ཞེས་གསུངས་འདུག

མོ་ཁེར་གྱིས་ཁོང་ནས་ཉིན་དེའི་སྔ་དྲོ་ཨུ་རུ་སུའི་ཙུང་ཐུང་བུ་ཅིང་ལ་ཁ་པར་རྒྱབ་ནས། སླར་ཡང་བུ་ཅིང་ལ་ཨུ་ཁེ་ལན་གྱིས་གོམ་པ་རིམ་བགྲོད་ཀྱི་བྱ་ཐབས་སྤྱད་ནས་རེ་ནེ་ཝའི་ཕྱོགས་དྲུག་གྲོས་མོལ་ཐོག་གྲོས་མཐུན་བཞག་པའི་ཡིག་ཆའི་ནང་དོན་ལག་བསྟར་བྱེད་མུས་ཡིན། ཡིན་ནའང་ཨུ་རུ་སུས་རེ་ནེ་ཝའི་ཡིག་ཆ་ལག་བསྟར་བྱེད་པ་མཐོང་རྒྱུ་མི་འདུག་ཅེས་བཤད་པ་ཡིན་ཞེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག