མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུས་ཨུ་ཁེ་ལན་ནས་ཤར་རྒྱུད་ཀྱི་དམག་དོན་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་བྱ་དགོས་པའི་རེ་འབོད་བྱས་པ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-26 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་སྤྱི་ཚེས25ཉིན་གསལ་བསྒྲགས་སྤེལ་བའི་ནང་། ཨུ་རུ་སུས་ཨུ་ཁེ་ལན་གྱི་ཤར་རྒྱུད་ཀྱི་དམག་དོན་བྱ་སྤྱོད་དང་གཏུམ་སྤྱོད་འཕྲལ་དུ་མཚམས་འཇོག་བྱ་དགོས་པ་དང་། ས་ཁུལ་དེ་ནས་འཕྲལ་དུ་དམག་དཔུང་ཕྱིར་འཐེན་བྱ་དགོས་པ། ཅི་ཕུའི་དབང་འཛིན་ལས་ཁུངས་ནས་ཨུ་ཁེ་ལན་གྱི་གནད་དོན་ཐད་ཀྱི་རེ་ནེ་ཝའི་ཕྱོགས་བཞིའི་གྲོས་མོལ་སྐབས་གྲོས་མཐུན་བཞག་པའི་ཡིག་ཆ་ལག་བསྟར་བྱ་དགོས་པའི་རེ་འབོད་དྲག་པོ་བྱ་རྒྱུ་ཡིན་ཞེས་བཤད་འདུག

གསལ་བསྒྲགས་ནང་། ཨུ་རུ་སུས་ཅི་ཕུ་དབང་འཛིན་ལས་ཁུངས་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་རྒྱལ་ནང་ཞི་འདུམ་ཡོང་བ་བྱེད་པའི་དྲང་སེམས་མངོན་པ་བྱ་དགོས། ཨུ་རུ་སུས་སླར་ཡང་ཅི་ཕུ་དབང་འཛིན་ལས་ཁུངས་ནས་རེ་ནེ་ཝའི་ཨུ་ཁེ་ལན་གནད་དོན་སྐོར་གྱི་ཕྱོགས་བཞིའི་གྲོས་མོལ་སྐབས་གྲོས་མཐུན་བཞག་པའི་འགག་རྩའི་ནང་དོན་ལག་བསྟར་གྱིས་ཨུ་ཁེ་ལན་གྱི་རྩ་ཁྲིམས་བསྒྱུར་བཅོས་ཀྱི་ལས་འགོ་རྩོམ་དགོས་པ་དང་། ས་ཁུལ་ཁག་དང་ཆབ་སྲིད་སྒྲིག་འཛུགས་ཁག་ཞུགས་པའི་རྒྱ་ཁྱབ་རང་བཞིན་གྱི་རྒྱལ་ཡོངས་ཀྱི་སྐད་ཆ་ཤོད་རེས་བྱ་དགོས་པའི་ནན་བཤད་བྱ་རྒྱུ་ཡིན་ཞེས་བཤད་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག