མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པ་ནོན་གྱིས་སི་རི་ཡའི་ཡུལ་གྱར་བའི་ཉམས་ཉེན་དེ་ཨ་རབ་ཀྱི་ཆག་སྒོ་ཞིག་རེད་བཤད་པ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-26 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པ་ནོན་གྱི་སྤྱི་ཚོགས་བྱ་དོན་པུའུ་ཀྲང་རྡར་པ་སེས་སྤྱི་ཚེས༢༥ཉིན་པེ་ལུ་ཐེར། ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་སི་རི་ཡའི་ཡུལ་གྱར་བའི་ཉམས་ཉེན་དེ་ལི་པ་ནོན་གྱི་ཆག་སྒོ་ཞིག་ཏུ་གྱུར་ཡོད་ལ། ཨ་རབ་ཧྲིལ་པོའི་ཆག་སྒོ་ཞིག་ཏུའང་གྱུར་ཡོད་ཅེས་གསུངས་འདུག

རྡར་པ་སེས་མིག་སྔར་སི་རི་ཡའི་ཡུལ་གྱར་བ་མང་པོ་ལི་པ་ནོན་གྱི་ས་གནས་ཁག་ཏུ་སླེབས་ཡོད་པ་དང་། ལི་པ་ནོན་སྲིད་གཞུང་གིས་གནས་བབ་དེར་ཚོད་འཛིན་བྱེད་མི་ཐུབ་པར་གྱུར་ཡོད་ཅེས་གསུངས་འདུག མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་ཁུངས་ཀྱིས་སྤྱི་ཚེས༢༢ཉིན། ད་ཕན་ལི་པ་ནོན་དུ་བྲོས་པའི་སི་རི་ཡའི་ཡུལ་གྱར་བ་ས་ཡ་གཅིག་དང་ཉིས་ཁྲི་བཞི་སྟོང་ཟིན་པ་དང་། ལི་པ་ནོན་ནི་སི་རི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་ནས་ཡུལ་གྱར་བ་དང་ལེན་བྱེད་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ལ། འཛམ་གླིང་ཧྲིལ་པོའི་ཡུལ་གྱར་བ་རུབ་འདུས་བྱེད་མང་ཤོས་ཀྱི་རྒྱལ་ཁབ་ཏུའང་གྱུར་ཡོད་ཅེས་བཤད་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག