མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-26 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་ཤར་དུ་རྒྱ་བསྐྱེད་དེ་ལོ་ངོ་བཅུ་འགོར་བའི་གྲོས་ཚོགས་ཚེས་ཉེར་ལྔ་ཉིན་ཝེ་ཡེ་ནཱ་ནས་གྲོལ། ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་བློན་ཆེན་ཁུའུ་ཨར་ཚི་ཡིས་ཚོགས་ཐོག་ནས་བསྟན་དོན། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཁུའུ་ཨར་ཚི་ཡིས་བཤད་རྒྱུར། བརྟན་འཇགས་དང་ཞི་བདེའི་ས་ཁོངས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ཏུ་རྒྱ་བསྐྱེད་པ་ནི་ཨོ་སི་ཁྲུ་རི་ཡཱ་རྒྱལ་ཁབ་ཀྱིས་ཧ་ཅང་སེམས་ཁུར་བྱེད་པའི་གནད་དོན་ཞིག་ཡིན། ཁི་ལོ་ཏི་ཡཱ་ཉིས་སྟོང་བཅུ་གསུམ་ལོར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་ནི་གོམ་རིམ་དང་པོ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་མེད་པའི་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་མང་བོ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཟེར།

ཁུའུ་ཨར་ཚི་ཡིས་བཤད་རྒྱུར། ཉིས་སྟོང་བཞི་ཡོ་རོབ་གླིང་མནའ་འབྲེལ་ཤར་དུ་རྒྱ་བསྐྱེད་པ་ལས་ཁོངས་གཏོགས་རྒྱལ་ཁབ་གསར་བར་ཁེ་ཕན་ཐོབ་པར་མ་ཟད། ཨོ་སི་ཁྲུ་རི་ཡཱའི་དཔལ་འབྱོར་ཐད་ལོ་རེར་བརྒྱ་ཆའི་ཐིག་དང་གྲངས་ཆུང་བཞི་ཡི་འཕར་སྣོན་བྱུང་ཡོད་ཟེར།

སི་ལོ་ཝ་ཁིའི་ཕྱི་འབྲེལ་དང་ཡོ་རོབ་གླིང་ལས་དོན་གྱི་པུའུ་ཀྲང་ལེ་ཆཱ་ཁི་ཡིས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གལ་ཏེ་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ཏུ་ཆབ་སྲིད་པ་རྣམས་ཀྱིས་རང་རང་གི་ལས་དོན་བཟང་བོར་མ་སྒྲུབ་ན། མདུན་ལྗོངས་ཅི་འདྲ་བཟང་ཡང་འཕེལ་རྒྱས་འབྱུང་མི་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག