མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་རྒྱུ་གཟེར་ནད་སེལ་བའི་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-26 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་ནི་འཛམ་གླིང་གི་རྒྱུ་གཟེར་ནད་ཀྱི་འགོག་བཅོས་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཉིན་དེར་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་རྒྱུ་གཟེར་ནད་ཀྱི་འགོག་བཅོས་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཧུར་ཐག་སྒོས་རྒྱུ་གཟེར་ནད་རྩ་བ་ནས་མེད་པར་བཟོ་བའི་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་དགོས་ཟེར།

ཕན་ཅི་ཝུན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཉིས་སྟོང་ལོའི་ཚུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་མི་ས་ཡ་གསུམ་ལྷག་གི་ཚེ་སྲོག་བསྐྱབས་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱུ་གཟེར་ནད་ཀྱི་ཤི་ཚད་བརྒྱ་ཆའི་བཞི་ལྷག་ཇེ་དམའ་རུ་བཏང་། རྒྱལ་ཁབ་མང་བོས་རྒྱུ་གཟེར་ནད་སེལ་བའི་དམིགས་འབེན་ཡོངས་འགྲུབ་བྱེད་ལ་ཉེ་བ་དང་། ཁོས་དེར་གཟེངས་བསྟོད་བྱས། ཕན་ཅི་ཝུན་གྱིས་ཞོར་དུ་བསྟན་དོན། མིག་སྔར་ལོ་རེ་བཞིན་མི་འབུམ་ལྔ་ལྷག་རྒྱུ་གཟེར་ནད་ལས་ཚེ་སྲོག་ཤོར་བཞིན་ཡོད་པ་དང་། དེའི་ནང་མང་ཤོས་ནི་སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་དུ་འཚོ་སྡོད་བྱེད་པའི་ལོ་ལྔའི་མན་གྱི་བྱིས་པ་རེད་ཟེར།

ཕན་ཅི་ཝུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་མ་དངུལ་གཏོང་བ་དང་ཆབ་སྲིད་ཐད་ནས་ཁས་ལེན་དམ་བཅའ་བྱས་ཏེ་རྒྱུ་གཟེར་ནད་ཀྱི་སྔོན་འགོག་བྱ་བར་ཤུགས་སྣོན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག