མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྐྱེ་ཁམས་དཔལ་ཡོན་གྱི་རྒྱལ་སྤྱིའི་གླེང་སྟེགས་སྐབས་བརྒྱད་པ་ཅཱ་ཀྲིག་ཁི་ལེ་མིན་གྲོང་ཁྱེར་ནས་ཚོགས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-26 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐྱེ་ཁམས་དཔལ་ཡོན་གྱི་རྒྱལ་སྤྱིའི་གླེང་སྟེགས་སྐབས་བརྒྱད་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་འགྲེམ་སྟོན་ཚོགས་འདུ་སྐབས་ཐོག་མ་ཅཱ་ཀྲིག་གི་སྐྱེ་ཁམས་མཁར་དུ་གྲགས་པའི་ཁི་ལེ་མིན་གྲོང་ཁྱེར་ནས་སྤེལ། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པ་སོགས་མི་ཉིས་བརྒྱ་ལྷག་གླེང་སྟེགས་ལ་ཞུགས་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་དང་སློབ་གསོ་ཞེས་པའི་བརྗོད་སྙིང་ཐད་ནས་གཏམ་བཤད་སྤེལ།

སྐབས་འདིའི་གླེང་སྟེགས་ནས་སྐྱེ་ཁམས་དཔལ་ཡོན་དང་སློབ་གསོ་ཞེས་པའི་བརྗོད་སྙིང་ལ་དམིགས་ཏེ་སྐྱེ་ཁམས་དཔལ་ཡོན་དང་ད་ལྟའི་སློབ་གསོའི་འདུ་ཤེས་དང་སློབ་གསོའི་སྒྲིག་ལུགས་ཀྱི་བཅོས་བསྒྱུར་དང་། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་སློབ་གསོ། དེ་མིན་ཀྲུང་གོའི་སྲོལ་རྒྱུན་གྱི་སྐྱེ་ཁམས་བློ་གྲོས་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཆེད་མཁས་པས་བལྟས་ནས། དེང་སྐབས་ཀྱི་བཟོ་ལས་དཔལ་ཡོན་གྱི་གྲུབ་ཆ་གཙོ་བོར་གྱུར་ཞིང་། སློབ་རིམ་འཕར་བ་དམིགས་ཡུལ་དུ་བྱས་པའི་དེང་སྐབས་སློབ་གསོ་ནི་དོན་དམ་དུ་འཚོ་བའི་གཤིན་ས་དང་བྲལ་བའི་རྩ་བ་མེད་པའི་སློབ་གསོ་ཞིག་ཡིན་པ་དང་། དཔེ་ཆའི་སྟེང་གི་ཤེས་བྱར་སློབ་སྦྱོང་བྱེད་པ་ཁོ་ན་ནན་བཤད་བྱས་ཏེ། སློབ་མ་དང་སློབ་གྲྭ། སློབ་གསོ་བཅས་དང་རང་བྱུང་དང་སྤྱི་ཚོགས། སྲོལ་རྒྱུན། ལག་ལེན་བཅས་ཀྱི་ཤ་ཁྲག་ལྟ་བུའི་འབྲེལ་ཐག་བཅད་པས། ང་ཚོའི་སློབ་གསོ་ལས་སྐྱེད་བསྲིང་བྱས་པའི་སློབ་མར་སེམས་ཀྱི་གཏད་སོ་མེད་ཅིང་། ཁེར་རྐྱང་གི་ཚོར་སྣང་སྐྱེས་སྲིད་ལ་ཚེ་སྲོག་གི་གསོན་ཤུགས་ཉམས་པར་བྱེད་ངེས་རེད། ད་ལྟའི་སྐྱེ་ཁམས་ཉམས་ཉེན་ཐད་དེང་སྐབས་སློབ་གསོ་ལ་གཞོལ་ཐབས་མེད་པའི་འགན་འཁྲི་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག