མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་དྲག་ཤུགས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་འདོད་ཚེ་ནོར་འཁྲུལ་ཆེན་པོ་འབྱུང་སྲིད་པའི་ཉེན་བརྡ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-26 10:57

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལིས་ཁི་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཕྱོགས་སོ་སོ་རི་ནེ་ཝའི་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ཁྲོད་ཀྱི་དམ་བཅའ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། ཕྱོགས་གང་ཡིན་ཡང་དམག་དོན་གྱི་ཐབས་ལ་བརྟེན་ནས་ཉམས་ཉེན་དེ་ཐག་གཅོད་བྱེད་འདོད་ཚེ་ནོར་འཁྲུལ་ཆེན་པོ་འབྱུང་སྲིད་ཟེར།

ཏིས་ཡཱ་ལི་ཁི་ཡིས་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དྲག་ཤུགས་དང་མི་སྣའི་ཤི་རྨས་གནད་དོན་ལ་སེམས་ཁུར་བྱེད་བཞིན་ཡོད་ཟེར། ཟང་ཟིང་གིས་འཇིགས་དངངས་དང་སེམས་ཁུར་གྱི་སེམས་ཁམས་བྱུང་སྟེ། གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་བ་དང་ནོར་འཁྲུལ་གྱི་བརྡར་གཅོད་བྱེད་པའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་ཟེར། ཁོས་འབྲེལ་ཡོད་ཕྱོགས་ཀྱིས་ཨུ་ཚུགས་ཀྱི་རྣམ་འགྱུར་བཟུང་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། །དེས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་ཝུའུ་ཁི་ལན་ཤར་ཕྱོགས་གྲོང་ཁྱེར་ལས་འདས་པའི་གནོད་པ་ཚབས་ཆེན་འབྱུང་སྲིད་པར་བསམ་ཡོད།

ཕན་ཅི་ཝུན་གྱིས་ཡང་བསྐྱར་ཁ་ཚིག་དྲག་པོས་ཕྱོགས་སོ་སོས་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ཁྲོད་ཀྱི་དམ་བཅའ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ཕྱོགས་སོ་སོས་དེང་སྐབས་བྲེལ་བ་ཆེ་བའི་གནས་བབ་ལ་རྒྱུས་ལོན་བྱས་ཤིང་། དགོས་མེད་ཀྱི་འགུལ་སྐྱོད་མཚམས་བཞག་སྟེ་ཕྱི་འབྲེལ་གྱི་ཐབས་ལ་བརྩོན་ནས། མྱུར་དུ་དམ་བཅའ་ལག་བསྟར་གང་ལེགས་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། ཁོས་བལྟས་ན། ཕྱོགས་གང་ཡིན་ཡང་དམག་དོན་བྱེད་ཐབས་ལ་བརྟེན་ནས་ཉམས་ཉེན་དེ་ཐག་གཅོད་བྱེད་འདོད་ཚེ་ནོར་འཁྲུལ་ཆེན་པོ་འབྱུང་སྲིད་པར་འདོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག