མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་མུ་མཐུད་དུ་འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་བར་འཐད་པ་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉེར་བཞིའི་ཉིན་ཏུང་ཅིན་ནས་གྲོས་མོལ་བྱས་རྗེས། མུ་མཐུད་དུ་འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་བར་འཐད་པ་བྱུང་བར་མ་ཟད། འགོག་སྲུང་སྒྲོམ་གཞི་དེས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དར་རྒྱས་དང་ཞི་བདེ་ཐད་ནུས་པ་གལ་ཆེན་ཐོན་སྲིད་པར་ཡིད་ཆེས་ཡོད་ཟེར། ཞོར་དུ་འཇར་པན་དང་ཀྲུང་གོའི་གླིང་ཕྲན་གྱི་བདག་དབང་རྩོད་གླེང་ཐད་ནས་ཨོ་པཱ་མཱ་ཡིས་ཕྱོགས་གཉིས་ཀྱིས་ཞི་བའི་སྒོ་ནས་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།

ཨོ་པཱ་མཱ་ཡིས་ཚེས་ཉེར་བཞིའི་ཉིན་ཏུང་ཅིན་ནས་ཨན་པའེ་ཅིན་སན་དང་མཉམ་དུ་དུས་ཚོད་གཅིག་དང་སྐར་མ་བཞི་བཅུའི་རིང་གྲོས་མོལ་བྱས། ཁོ་གཉིས་ཀྱིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། འཇར་པན་དང་ཨ་མེ་རི་ཁས་མཉམ་ལས་འབྲེལ་བ་ཇེ་དྲག་ཏུ་བཏང་བ་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དར་རྒྱས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག