མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཨ་མེ་རི་ཁས་ཅི་ཧྥུའུ་དབང་འཛིན་ལས་ཁུངས་ཀྱིས་ཤར་ལྷོའི་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་པར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 10:30

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས24ཡི་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཅི་ཧྥུའུ་དབང་འཛིན་ལས་ཁུངས་ལ་གནོན་ཤུགས་བྱིན་ཏེ། ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་པར་ཡར་སྐུལ་བྱེད་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་གནས་བབ་འཕེལ་རྒྱས་བློས་དཔག་དཀའ་བ་དང་། དམག་དཔུང་དང་ཐལ་སྤྱོད་མི་རིགས་རིང་ལུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་མི་སེར་དཀྱུས་མར་དམིགས་པའི་འགུལ་སྐྱོད་སྤེལ་བཞིན་ཡོད། ཨ་མེ་རི་ཁས་ཅི་ཧྥུའུ་དབང་འཛིན་ལས་ཁུངས་ལ་གནོན་ཤུགས་བྱིན་ཏེ། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་མྱུར་དུ་ཤར་ལྷོའི་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་བཞག་སྟེ། ཝུའུ་ཁི་ལན་གྱི་དམག་དཔུང་དག་ས་ཁུལ་དེ་ནས་ཕྱིར་འཐེན་བྱེད་པར་ཁག་ཐེག་བྱ་དགོས་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་རི་ནེ་ཝའི་ཕྱོགས་བཞིའི་གྲོས་མོལ་ནས་བཀོད་པའི་ཡིག་ཆ་གཞིར་བཟུང་སྟེ་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་བར་བྲེལ་མྱུར་བྱེད་ཐབས་སྤྱོད་པར་རེ་བ་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་གཡོ་འགུལ་གཏོང་ཐབས་མེད་པའི་དབང་གིས་ཚེས་ཉེར་གསུམ་ཉིན་དང་ཚེས་ཉེར་བཞིའི་ཉིན་གྱི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱི་ཁ་པར་གྲོས་མོལ་བཀོད་སྒྲིག་མེད་པར་བཏང་བ་ཡིན། ཚེས་ཉེར་ལྔ་ཉིན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་གྲོས་མོལ་མ་བྱས་གོང་། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཅི་ཧྥུའུ་དབང་འཛིན་ལས་ཁུངས་ལ་གནོན་ཤུགས་བྱིན་ནས་ཝུའུ་ཁི་ལན་སྔར་ལས་ཚབས་ཆེ་བའི་ཉམས་ཉེན་གྱི་གནས་སུ་ལྷུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བ་རེད།

དེ་ལས་གཞན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ལེ་པཱ་ནུན་གྱི་ཕྱི་འབྲེལ་བློན་ཆེན་པཱ་ཞི་ལེ་དང་གྲོས་མོལ་བྱས་རྗེས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཅི་ཧྥུའུ་དབང་འཛིན་ལས་ཁུངས་ལ་གནོན་ཤུགས་སྟེར་ཐུབ་པར་ཡིད་ཆེས་ཡོད་པ་དང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་རང་ཉིད་ཀྱི་ནུས་པ་བརྟེན་ནས་ཅི་ཧྥུའུ་དབང་འཛིན་ལས་ཁུངས་ལ་རང་ཉིད་ཀྱི་དམ་བཅའ་ལག་བསྟར་བྱེད་དུ་འཇུག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག