མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱིས་ཞི་བའི་སྒོ་ནས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ཡོངས་འགྲུབ་བྱས་པར་དགའ་བསུ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་བཞིའི་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱིས་ཞི་བའི་སྒོ་ནས་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་ཡོངས་འགྲུབ་བྱས་པར་རྟེན་འབྲེལ་ཞུས།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱིས་ཉེ་སྔོན་བསྡུས་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་དོ་སྣང་ཆེན་པོ་བྱས་པ་དང་། ཨར་ཅི་རི་ཡཱའི་སྲིད་གཞུང་གིས་རེ་བ་བཏོན་པ་ལྟར། ཕན་ཅི་ཝུན་གྱིས་མི་གསུམ་གྱིས་གྲུབ་པའི་ཆེད་མཁས་ཚན་ཆུང་ཞིག་ཨར་ཅི་རི་ཡཱ་རུ་མངག་ནས་འདེམ་བསྐོའི་འཕེལ་རིམ་ལ་ལྟ་ཞིབ་བྱེད་དུ་བཅུག་པར་མ་ཟད། དུས་ལྟར་ཁོ་ལ་འདེམ་བསྐོའི་གནས་ཚུལ་གསར་བ་སྙན་ཞུ་བྱེད་དུ་བཅུག་པ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཨར་ཅི་རི་ཡཱའི་མི་དམངས་དང་སྲིད་གཞུང་གིས་ཞི་བའི་སྒོ་ནས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྟེན་འབྲེལ་ཞུས། ཁོས་ཨར་ཅི་རི་ཡཱའི་སྲིད་གཞུང་དང་ཆབ་སྲིད་ཕྱོགས་ཁག་ཚང་མས་བློ་ཤུགས་གཅིག་སྒྲིལ་གྱིས་བཟོད་སྒོམ་དང་ཞི་བདེའི་ཐབས་ལ་བརྟེན་ནས་ཨར་ཅི་རི་ཡཱའི་བརྟན་འཇགས་ལས་སྲུང་སྐྱོབ་བྱས་པ་དང་དམངས་གཙོའི་འཕེལ་རིམ་ལ་ཡར་སྐུལ་བྱེད་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་བཞིན་དུ་ཨར་ཅི་རི་ཡཱའི་དམངས་གཙོའི་བཅོས་བསྒྱུར་དང་རྒྱུན་མཐུད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག