མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཕཱ་ལེ་སི་ཐན་གྱི་འགྲིག་མཐུན་གྲོས་མཐུན་ལ་ཡིད་ཕངས་བའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་གཉིས་ཀྱིས་ཉིན་དེར་འགྲིག་མཐུན་གྲོས་མཐུན་བཀོད་པར་ཡིད་ཕངས་བའི་ཚུལ་བསྟན།

ཕུའུ་སཱ་ཅི་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ཧྥ་ཐཱ་ཧི་གཉིས་ཀྱིས་གྲོས་མཐུན་བཀོད་པའི་དུས་སྐབས་དེར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་པ་དང་། དེས་དབུས་ཤར་གྱི་ཞི་བའི་གྲོས་མོལ་གྱི་གནས་བབ་སྔར་ལས་རྙོག་འཛིང་དུ་གྱུར་ནས། ཕྱོགས་སོ་སོས་ཞི་བའི་གྲོས་མོལ་གྱི་ཡུན་ཚད་ཇེ་རིང་དུ་གཏོང་བར་གནོད་པ་ཐེབས་སྲིད་ཟེར།

ཕུའུ་སཱ་ཅི་ཡིས་ད་རུང་ཨ་མེ་རི་ཁའི་ས་ཕཱ་ལེ་སི་ཐན་གྱི་འགྲིག་མཐུན་གནད་དོན་ཐད་ཀྱི་ལངས་ཕྱོགས་བསྐྱར་བསྒྲགས་བྱས་པ་དང་། ཕཱ་ལེ་སི་ཐན་སྲིད་གཞུང་གིས་ངེས་པར་དུ་མཚོན་ཆ་བེད་སྤྱོད་མི་བྱེད་པར་ཁས་ལེན་གསལ་བོ་བྱེད་དགོས་པ་དང་། དབྱི་སི་རལ་རྒྱལ་ཁབ་ཁས་ལེན་བྱེད་དགོས་པར་མ་ཟད། དེའི་སྔོན་བཀོད་པའི་གྲོས་མཐུན་སོ་སོ་དང་ལེན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག