མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཨེ་ཅིབ་ལ་ཨ་ཕཱ་ཆི་རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་བཅུ་སྟེར་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་རྒྱལ་སྲུང་བློན་ཆེན་ཧཱ་ཀིར་གྱིས་ཚེས་ཉེར་གཉིས་ཉིན་སོ་སོར་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་ལ་ཁ་པར་བཏང་། ཁི་ལེ་ཡིས་གང་མགྱོགས་ཀྱིས་རྒྱལ་ཚོགས་ཀྱིས་ཨེ་ཅིབ་ཀྱི་རྒྱབ་སྐྱོར་སླར་གསོ་བྱེད་པར་སྐུལ་མ་གཏོང་རྒྱུ་ཡིན་ཟེར། ཧཱ་ཀིར་གྱིས་ཨ་མེ་རི་ཁས་ཨེ་ཅིབ་ལ་ཨ་ཕཱ་ཆི་རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་བཅུ་འདོན་སྤྲོད་བྱས་ཏེ་ཨེ་ཅིབ་ཀྱི་ཞི་ནཱ་ཕྱེད་གླིང་གི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཁི་ལེ་ཡིས་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥ་ཧི་མུས་ལ་ཁར་པར་གཏོང་སྐབས་བཤད་རྒྱུར། ཁོས་རྒྱལ་ཚོགས་ལ་ཨེ་ཅིབ་ཀྱིས་ཨ་མེ་རི་ཁའི་བར་གྱི་ཕྱི་ཡོང་འཇིགས་ཉེན་སེལ་བ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བ་སོགས་ཀྱི་ཐད་ཀྱི་འཐབ་ཇུས་འབྲེལ་བ་སྲུང་འཛིན་བྱེད་པར་འབད་བརྩོན་བྱེད་པའི་ཞོར་དུ། ཨེ་ཅིབ་ཀྱིས་ད་རུང་ཞི་བདེའི་ཆིངས་ཡིག་བརྩི་སྲུང་བྱེད་བཞིན་ཡོད་པ་བདེན་དཔང་བྱས་ཡོད་ཟེར།

ཁི་ལེ་ཡིས་ནན་གྱིས་བསྟན་དོན། ཨེ་ཅིབ་ནི་ལོ་ངོ་བཅུ་ཕྲག་འགའི་རིང་ལ་ཨ་མེ་རི་ཁའི་འཐབ་ཇུས་གྲོགས་པོ་གལ་ཆེན་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཁོས་གནས་སྐབས་སུ་རྒྱལ་ཚོགས་ལ་ཨེ་ཅིབ་ཀྱིས་ལག་བསྟར་བྱེད་བཞིན་པའི་དམངས་གཙོའི་བཅོས་བསྒྱུར་བྱེད་ཐབས་བདེན་དཔང་བྱེད་ཐབས་མེད་ཟེར། ཁི་ལེ་ཡིས་ད་རུང་ཨེ་ཅིབ་ཀྱིས་འདྲ་མཉམ་དང་རང་དབང་གི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པ་དང་། ཞོར་དུ་གཏམ་བརྗོད་རང་དབང་ལ་ཚད་བཀག་བྱེད་མཚམས་འཇོག་པ་དང་སྤྱི་དམངས་ཀྱི་ཁེ་དབང་ལ་བརྩི་འཇོག་བྱེད་དགོས་པའི་སྐུལ་མ་བཏང་།

ཧཱ་ཀིར་གྱིས་ཨེ་ཅིབ་ཀྱི་གསར་དུ་འགན་ཁུར་བའི་རྒྱལ་སྲུང་བློན་ཆེན་སུའུ་པུའུ་ཞེ་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། ཁི་ལེ་ཡིས་རྒྱལ་ཚོགས་ཀྱིས་ཨེ་ཅིབ་ཀྱི་རོགས་སྐྱོར་སླར་གསོ་བྱེད་པར་སྐུལ་མ་གཏོང་རྒྱུ་ཡིན་པ་དང་། དེ་ཉིས་སྟོང་བཅུ་བཞི་ལོར་ཨ་མེ་རི་ཁས་ཨེ་ཅིབ་ལ་རོགས་སྐྱོར་འབོར་གྲངས་ལ་ཐད་ཀར་འབྲེལ་བ་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག