མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་ཡོངས་ཀྱི་དྲ་འབྲེལ་བཅོས་སྐྱོང་ཚོགས་ཆེན་པཱ་ཞིའི་ཧྲིན་པའོ་ལོ་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་ཡོངས་ཀྱི་དྲ་འབྲེལ་བཅོས་སྐྱོང་ཚོགས་ཆེན་ཚེས་ཉེར་གསུམ་ཉིན་པཱ་ཞིའི་ཧྲིན་པའོ་ལོ་ནས་ཚོགས་པ་དང་། པཱ་ཞིའི་ཙུང་ཐུང་ལོ་སེ་ཧྥུའུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཝུའུ་ཧོང་པའོ། དེ་མིན་ཀྲུང་གོ་དང་ཨ་ཀིན་ཐེན། པཱ་ཞི། འཇར་མན། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ནས་ཡོང་བའི་འཐུས་མི་གྲོས་ཚོགས་ལ་ཞུགས།

ལོ་སེ་ཧྥུའུ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ་བཤད་རྒྱུར། མི་རྣམས་ཀྱིས་དྲ་འབྲེལ་སྟེང་གི་ཁེ་ཕན་དེ་མི་དམངས་ཀྱི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཁེ་དབང་དང་འདྲ་བར་སྲུང་སྐྱོབ་ཐོབ་དགོས་པ་དང་། དྲ་བར་མི་ཞུགས་པའི་མི་རྣམས་ཀྱི་ཁེ་དབང་ལའང་སྲུང་སྐྱོབ་བྱེད་དགོས་ལ། འཛམ་གླིང་ཡོངས་ཀྱི་དྲ་འབྲེལ་བཅོས་སྐྱོང་ཚོགས་ཆེན་བསྡུས་ཏེ་འཕེལ་རིམ་དེར་ཡར་སྐུལ་གཏོང་དགོས་ཟེར།

ཁོ་མོས་ད་རུང་བཤད་རྒྱུར། དྲ་འབྲེལ་གྱི་བཅོས་སྐྱོང་དེ་འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་པ་དང་། ཁྱད་པར་དུ་སྒེར་གྱི་གསང་བ་དང་རང་དབང་གི་ཁེ་དབང་ལྡན་པའི་རྨང་གཞིའི་སྟེང་ད་གཟོད་མངོན་འགྱུར་བྱེད་ཐུབ། མི་སྒེར་གྱི་གསང་བའི་ཁེ་དབང་ནི་དྲ་འབྲེལ་རླབས་རྒྱུན་ཁྲོད་མྱུར་དུ་སྲུང་སྐྱོབ་བྱེད་དགོས་པའི་གཞི་རྩའི་ཁེ་དབང་ཞིག་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག