མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་དང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་མཉམ་དུ་ཝུའུ་ཁི་ལན་ཉེ་འགྲམ་གྱི་རྒྱལ་ཁབ་དག་ལ་འཚམས་འདྲི་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་དང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་གཉིས་ཚེས་ཉེར་གསུམ་ཉིན་མཉམ་དུ་ཝུའུ་ཁི་ལན་ཉེ་འགྲམ་གྱི་མའོ་ཨར་ཏའོ་ཝ་དང་ཀི་ལུའུ་ཅི་ཡཱ་སོགས་རྒྱལ་ཁབ་ཏུ་འཚམས་འདྲིར་སོང་བ་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན་ལས་རྒྱལ་ཁབ་དེ་དག་ལ་ཐེབས་པའི་ཤུགས་རྐྱེན་ལ་རྒྱུས་ལོན་བྱེད་རྒྱུ་རེད།

འཇར་མན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བར་འབད་བརྩོན་གང་ལེགས་བྱེད་རྒྱུ་ཡིན་ཟེར། རྒྱལ་ཁབ་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ངེས་པར་དུ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཁྲུག་རྩོད་ཞི་འཇགས་སུ་གཏོང་དགོས་པར་འདོད་ལ། འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ལས་ཤུགས་རྐྱེན་ཐེབས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཤར་ཕྱོགས་གྲོགས་པོའི་རྒྱལ་ཁབ་ལ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

འཇར་མན་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཧྲི་ཐེ་ཡུན་མེད་ཨར་དང་ཧྥ་པུས་ཡུག་སི་གཉིས་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔའི་ཉིན་བར་སྔ་གཞུག་ཏུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཤར་ཕྱོགས་གྲོགས་པོའི་རྒྱལ་ཁབ་མའོ་ཨར་ཏའོ་ཝ་དང་ཀི་ལུའུ་ཅི་ཡཱ། ས་དཀྱིལ་མཚོ་འགྲམ་གྱི་རྒྱལ་ཁབ་ཐུ་ནི་ཞི་ཡཱ་བཅས་སུ་སོང་སྟེ། རྒྱལ་ཁབ་དེ་དག་གི་འབྲེལ་ཡོད་སྲིད་གཞུང་མི་སྣ་དང་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་སོགས་དང་གྲོས་མོལ་བྱེད་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག