མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཐོག་དང་པོར་ཏེའོ་ཡུས་གླིང་ཕྲན་དེ་བདེ་སྲུང་ཆིངས་ཡིག་དང་འཕྲོད་པའི་རྣམ་འགྱུར་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས23ཉིན་འཇར་པན་དུ་འཚམས་འདྲི་བྱེད་དུ་འགྲོ་སྐབས་འཇར་པན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་ཇུས་ལས་ཏེའོ་ཡུས་གླིང་ཕྲན་དེ་འཇར་པན་གྱི་དོ་དམ་འོག་ཡོད་པ་དང་། ཨ་མེ་རི་ཁ་དང་འཇར་པན་གྱི་བདེ་སྲུང་ཆིངས་ཡིག་གི་དོན་ཚན་ལྔ་བར་འཚམ་པ་གསལ་བོ་ཡིན་ཟེར། དེ་ནི་ཨ་མེ་རི་ཁའི་ཙུང་ཐུང་གིས་དོན་དེའི་ཐད་རྣམ་འགྱུར་བསྟན་པ་ཐོག་མ་ཡིན་པ་དང་། འཇར་པན་གྱི་ཆབ་སྲིད་དཔོན་པོ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཀྱང་ཀྲུང་གོའི་མི་དམངས་ཁོང་ཁྲོ་ཆེན་པོ་ལངས་ཀྱིན་ཡོད།

ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཆིན་ཀང་གིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཀྲུང་གོས་མཐའ་གཅིག་ཏུ་ཏེའོ་ཡུས་གླིང་ཕྲན་དེ་འཇར་པན་དང་ཨ་མེ་རི་ཁའི་བདེ་སྲུང་ཆིངས་ཡིག་དང་འཚམ་པའི་དམིགས་ཡུལ་དུ་འགྱུར་བར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

འཇར་པན་གྱི་ཆབ་སྲིད་དཔོན་པོ་ཅན་དབྱེ་ཝེ་ཡིས་ཚེས་ཉེར་གསུམ་ཉིན་བསྟན་དོན། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧཱ་ཀིར་གྱིས་དོན་དེར་རྣམ་འགྱུར་གསལ་བོ་བསྟན་ཡོད་པ་དང་། ཨོ་པཱ་མཱ་ཡིས་ཀྱང་ཨ་མེ་རི་ཁའི་ལངས་ཕྱོགས་ཡང་བསྐྱར་གསལ་བོ་བྱས་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། བཅར་འདྲི་དང་ལེན་བྱེད་སྐབས་རྣམ་འགྱུར་དེ་འདྲ་བསྟན་ཡང་། ཨོ་པཱ་མཱ་ཡིས་ཚེས་ཉེར་བཞིའི་ཉིན་གྱི་གྲོས་མོལ་སྐབས་ཡང་བསྐྱར་ལངས་ཕྱོགས་དེ་བསྐྱར་སྒྲོག་བྱེད་རྒྱུ་ཡིན་ཟེར། དེ་ནི་ཨ་མེ་རི་ཁའི་ཙུང་ཐུང་གིས་ཐོག་དང་པོར་ཏེའོ་ཡུས་གླིང་ཕྲན་གྱི་གནད་དོན་དེ་འཇར་པན་དང་ཨ་མེ་རི་ཁའི་བདེ་སྲུང་ཆིངས་ཡིག་དང་འཚམ་པའི་བསམ་ཚུལ་བསྟན་པ་རེད། ཨོ་པཱ་མཱ་ཡིས་ད་རུང་ཨན་པའེ་ཅིན་སན་སྲིད་དབང་གིས་ཐུན་མོང་རང་སྲུང་དབང་ཆའི་བཀག་རྒྱ་མེད་པར་བཟོ་བར་རྒྱབ་སྐྱོར་བྱས། དེ་ཡང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཐོག་དང་པོར་འཇར་པན་གྱིས་ཐུན་མོང་རང་སྲུང་དབང་ཆ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་པའི་རྣམ་འགྱུར་བསྟན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག