མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཚོ་འགྲུལ་འཕྲུལ་ཆས་ཀྱིས་མཚོ་ཁོངས་གཙོ་བོ་ནས་མཱ་ལེ་ཞི་ཡའི་གར་སོང་མ་ཤེས་པའི་གནམ་གྲུ་འཚོལ་ཞིབ་བྱས་ཀྱང་ལག་རྙེད་ཅི་ཡང་མ་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-21 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱའི་མཱ་ལེ་ཞི་ཡཱའི་གར་སོང་མ་ཤེས་པའི་གནམ་གྲུ་འཚོལ་ཞིབ་བྱེད་པའི་མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་ཀྱིས་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱས་དོན། མཚོ་འོག་ཏུ་འཚོལ་ཞིབ་ལས་འགན་ལག་བསྟར་བྱེད་བཞིན་པའི་མཚོ་འགྲུལ་འཕྲུལ་ཆས་ཀྱིས་མཚོ་ཁོངས་གཙོ་བོར་འཚོལ་ཞིབ་བྱས་ཀྱང་ལག་རྙེད་ཅི་ཡང་བྱུང་མེད་ཟེར།

མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་ཀྱིས་གསལ་བསྒྲགས་ལས་བཤད་རྒྱུར། མཚོ་འགྲུལ་འཕྲུལ་ཆས་ཀྱིས་དེའི་སྔོན་མཚོ་ཁོངས་ནས་འཚོལ་ཞིབ་ཐེངས་བདུན་བྱས་པ་དང་། མིག་སྔའི་བར་མཚོ་འགྲུལ་འཕྲུལ་ཆས་ཀྱིས་མཚོ་ཁོངས་གཙོ་བོའི་བརྒྱ་ཆའི་ལྔའི་མཚོ་ཁོངས་ལ་འཚོལ་ཞིབ་བྱས་ཀྱང་ཅི་ཡང་རྙེད་མེད་ལ། མཚོ་འོག་གི་འཚོལ་ཞིབ་ལས་འགན་ཐེངས་བརྒྱད་པ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

དེ་ལས་གཞན་དམག་བཀོལ་གནམ་གྲུ་བཅུ་གཅིག་དང་གྲུ་གཟིངས་བཅུ་གཉིས་ཚེས་ཉི་ཤུ་ཉིན་འཚོལ་ཞིབ་བྱ་བར་ཞུགས་པ་དང་། ཨོ་སི་ཁྲུ་ལི་ཡཱའི་མཚོ་དོན་བདེ་འཇགས་ཅུའུ་ཡིས་གཏན་འཁེལ་བྱས་པའི་མཚོ་ཁོངས་གཉིས་ལ་འཚོལ་ཞིབ་བྱས། ས་ཁུལ་ཁག་ཅིག་ཏུ་ཆར་འབབ་པའི་སྣང་ཚུལ་ཡོད་པ་ལས་གཞན་གོང་གསལ་གྱི་མཚོ་ཁོངས་ཀྱི་ནམ་ཟླའི་གནས་ཚུལ་ཅུང་བཟང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག