མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་ཨ་མེ་རི་ཁའི་གྲོས་མོལ་ལ་གཅིག་མཐུན་གྱི་ལྟ་ཚུལ་འབྱུང་དཀའ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-21 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་སྤེལ་ལ་ཉེ་བའི་སྐབས་སུ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཞི་བདེ་རྒྱ་མཚོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ལ་འབྲེལ་བའི་གྲོས་མོལ་ཡང་བྲེལ་ཟིང་གིས་སྤེལ་བཞིན་ཡོད། ཨ་མེ་རི་ཁ་དང་འཇར་པན་གྱི་ཞི་བདེ་རྒྱ་མཚོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་གྲོས་མོལ་འཐུས་མིས་ཚེས་ཉེར་གཅིག་ཉིན་ཏུང་ཅིན་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་འཇར་པན་དང་ཨ་མེ་རི་ཁའི་མགོ་གཙོའི་དགོང་ཚིགས་གསོལ་སྟོན་ཐོག་མཇུག་མཐའི་གྲོས་གཞི་སྤྲོད་དགོས་པ་རེད། དེ་བས་ཉིན་འདི་འགའི་འཇར་པན་དང་ཨ་མེ་རི་ཁའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་མིན་དེ་ཞི་བདེ་རྒྱ་མཚོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་ལས་དབང་དང་འབྲེལ་ཡོད་པར་བཤད་ཆོག་ཆོག་ཡིན།

མིག་སྔར་འཇར་པན་དང་ཨ་མེ་རི་ཁའི་ཞི་བདེ་རྒྱ་མཚོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ལ་གཤམ་གྱི་ཕྱོགས་གསུམ་ན་འགལ་བ་ཅུང་ཆེན་པོ་ཡོད། ཕག་ཤའི་ནང་འདྲེན་ཐད་ནས། འཇར་པན་ཕྱོགས་ཀྱིས་བར་ཁྱད་ཡོད་པའི་སྒོ་ཁྲལ་ལམ་ལུགས་སྲུང་འཛིན་བྱས་ཤིང་། རིན་གོང་བདེ་བའི་ཕག་ཤ་ལ་སྒོ་ཁྲལ་ཅུང་མཐོན་པོ་བླངས་ཏེ། རྒྱལ་ནང་གི་ཕག་གསོ་མཁན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་འདོད་ཀྱང་། ཨ་མེ་རི་ཁས་མ་འོངས་པར་ཕག་ཤའི་ནང་འདྲེན་སྒོ་ཁྲལ་མེད་པར་བཟོ་དགོས་པའི་རེ་བ་འདོན་བཞིན་ཡོད། སྐམས་ཤ་དང་འོ་ཞོའི་ཐོན་རྫས་ཐད་ནས། ཨ་མེ་རི་ཁས་སྒོ་ཁྲལ་མེད་པར་གཏོང་དགོས་པའི་རེ་བ་བཏོན་ཡང་འཇར་པན་གྱིས་སྒོ་ཁྲལ་ཇེ་ཉུང་དུ་གཏོང་བ་དང་ནང་འདྲེན་ཚད་བཀག་བྱེད་ཐབས་བརྩོན་ལེན་བྱེད་བཞིན་ཡོད། རླངས་འཁོར་གྱི་ཕྱོགས་ནས་ཨ་མེ་རི་ཁས་འཇར་པན་གྱིས་བདེ་འཇགས་ཚད་གཞི་ཇེ་ལྷོད་དུ་གཏོང་དགོས་པའི་རེ་བ་བཏོན་ཡང་འཇར་པན་གྱིས་དེར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད།

འཇར་པན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཚེས་ཉེར་བཞི་ཉིན་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་གྲོས་མོལ་མ་བྱས་གོང་ཐུན་མོང་གྲོས་མཐུན་འབྱུང་བར་རེ་བ་བྱས་ཡོད་ཀྱང་། མིག་སྔའི་གནས་ཚུལ་ལ་བལྟས་ན། ཨ་མེ་རི་ཁས་སྒོ་ཁྲལ་མེད་པར་བཟོ་དགོས་པའི་རེ་བ་བཏོན་པ་ནི་རྩ་དོན་གནད་དོན་ཡིན་པས། འཇར་པན་གྱིས་རེ་བ་དེར་བསྟུན་ན་རྒྱལ་ཁབ་གཞན་པས་ཀྱང་དེར་ལད་མོ་བྱས་ཏེ་གཅིག་མཚུངས་ཀྱི་ཆ་རྐྱེན་འདོན་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་ལ། དེ་ལྟར་བྱས་ན་འཇར་པན་གྱི་ཞིང་ལས་ལ་གནོད་པ་ཚབས་ཆེན་ཐེབས་ངེས་རེད། དེར་བརྟེན་དབྱེ་ཞིབ་མི་སྣས་ཚོད་དཔག་བྱས་པ་ལྟར་ན། འཇར་པན་གྱིས་ཨ་མེ་རི་ཁའི་ཁམས་དང་བསྟུན་མི་སྲིད་པས། གྲོས་མོལ་དེ་ཟླ་ལྔ་བའི་ཟླ་དཀྱིལ་ཡོ་ནན་ནས་སྤེལ་རྒྱུ་ཡིན་པའི་ཞི་བདེ་རྒྱ་མཚོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་དབུ་བཞུགས་གྲོས་མོལ་འཐུས་མིའི་གྲོས་ཚོགས་བསྡུ་རག་བར་འགོར་འགྱངས་བྱེད་སྲིད་པར་སྙམ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག