མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མའོ་ཞི་ཁོའི་ལྷོ་ཕྱོགས་ས་ཁུལ་དུ་ཚད་རིམ་བདུན་གྱི་ས་འགུལ་བྱུང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-19 11:41

墨西哥南部发生7级地震 首都震感强烈.jpg

ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན། མའོ་ཞི་ཁོའི་རྒྱལ་ས་མའོ་ཞི་ཁོ་གྲོང་ཁྱེར་ནས་ས་འགུལ་བྱུང་རྗེས་མི་མང་བོ་སྲང་ལམ་འགྲམ་དུ་ཚོགས་ནས་ཡོད་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཞི་ཁོའི་ལྷོ་ཕྱོགས་ས་ཁུལ་དུ་ཚེས་བཅོ་བརྒྱད་ཉིན་ཚད་རིམ་བདུན་གྱི་ས་འགུལ་བྱུང་བ་དང་། རྒྱལ་ས་མའོ་ཞི་ཁོ་གྲོང་ཁྱེར་ལ་ས་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་།

    མའོ་ཞི་ཁོ་རྒྱལ་ཁབ་ས་འགུལ་བརྟག་དཔྱད་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ས་འགུལ་དེ་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ཉེར་བདུན་སྟེང་ཀི་ལོས་ལོ་ཀྲིག་ཕའེ་ཐཱ་ཐི་ལན་གྲོང་ཁྱེར་ལྷོ་ངོས་ཀྱི་སྤྱི་ལེ་ཞེ་གཅིག་གི་མཚམས་ཀྱི་མཚོ་ཁོངས་སུ་བྱུང་བ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད་ཟེར།

    མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོས་པའི་སྙན་ཞུ་བསྒྲགས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག