མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པ་མས་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་རྒྱལ་ཁབ་ཁག་ཅིག་གི་འཐུས་མི་ཨ་རིའི་མངའ་ཁོངས་ནང་འཛུལ་རྒྱུར་ཚོད་འཛིན་བྱས་པ།

རྩོམ་པ་པོ། ཟླ་བ་གཡུ་སྒྲོན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-19 11:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཙུང་ཐུང་ཨོ་པ་མས་སྤྱི་ཚེས་18ཉིན་རྒྱལ་ཚོགས་ཀྱིས་ཉེ་དུས་གྲོས་འཆམ་བྱུང་བའི་ཁྲིམས་གཞི་ཞིག་ལ་མིང་རྟགས་བཀོད་ནས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་རྒྱལ་ཁབ་ཁག་ཅིག་གི་འཐུས་མིར་ཨ་རིའི་མངའ་ཁོངས་སུ་འཛུལ་རྒྱུའི་འཐུས་མཆན་ལག་འཁྱེར་སྤྲོད་རྒྱུར་ཚོད་འཛིན་བྱས་ཡོད།

ཁྲིམས་གཞི་དེའི་ནང་། ཨ་རིའི་དང་དེའི་མནའ་གྲོགས་ལ་དམིགས་པའི་གསང་མྱུལ་ལམ་འཇིགས་སྐུལ་བྱེད་སྒོ་སྤེལ་མྱོང་བའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་རྒྱལ་ཁབ་ཁག་གི་འཐུས་མི་ཨ་རིའི་མངའ་ཁོངས་ནང་འཛུལ་མི་ཆོག་པ་གཏན་འབེབ་བྱས་ཡོད། ཨོ་པ་མས་ཉིན་དེ་གར་ཕོ་བྲང་དཀར་པོར་སྤེལ་བའི་གསལ་བསྒྲགས་ཞིག་གི་ནང་། ཨ་རི་དང་ཁོང་ཚོའི་མནའ་གྲོགས་ལ་དམིགས་པའི་གསང་མྱུལ་དང་འཇིགས་སྐུལ་བྱེད་སྒོ་ནི་ཤིན་ཏུ་ཚབས་ཆེ་བའི་གནད་དོན་ཞིག་རེད་ཅེས་བསྟན་པ་མ་ཟད། ཁོང་གིས་ད་དུང་བྱེད་སྒོ་དེ་རིགས་ནང་ཞུགས་མཁན་གྱི་མི་སྣས་ཕྱི་འབྲེལ་ཐོབ་ཐང་ལ་བརྟེན་ནས་ཨ་རིར་འཛུལ་བཟོ་ཡོད་པར་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག