མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་ལིང་ཏི་ཡིས་མའོ་ཁི་ཨར་དང་ཧྥན་ལུང་ཕའེ་གཉིས་དང་མཉམ་དུ་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཉིན་དེར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་གཉིས་དང་མཉམ་དུ་རི་ནེ་ཝ་ནས་བསྡུས་པའི་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཨོ་ལིང་ཏི་དང་མའོ་ཁི་ཨར། ཧྥན་ལུང་ཕའེ་བཅས་ཀྱིས་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ནས་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་ཐུབ་པར་རེ་བས་ཁེངས་ཡོད་པ་དང་། ཁོ་ཚོས་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་ནས་གྲོས་མོལ་ཞིབ་ཏུ་བྱས་ཤིང་། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་གྱི་མཇུག་འབྲས་གཞིར་བཟུང་སྟེ་འོས་འཚམ་གྱི་བྱེད་ཐབས་གང་རུང་སྤྱོད་པར་འཐད་པ་བྱུང་།

དེ་ལས་གཞན་ཧྥ་རན་སིའི་དམག་དཔུང་གི་སྤྱིའི་ཇུས་འདོན་པུའུ་ཡི་མགྲིན་ཚབ་པ་གཞོན་པ་རོ་ཨར་རན་གྱིས་ཉིན་དེའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཝུའུ་ཁི་ལན་གྱི་ཉམས་ཉེན་ལས་བྱུང་བའི་ཛ་དྲག་གི་གནས་བབ་ལ་དམིགས་ཏེ། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཟླ་འདིའི་ཟླ་མཇུག་གི་སྔོན་ལ་པའོ་ལོ་ཏི་རྒྱ་མཚོའི་རྒྱལ་ཁབ་དག་ཏུ་འཐབ་འཛིང་གནམ་གྲུ་བཞི་མངག་གཏོང་བྱས་ཏེ། བྱང་ཆིངས་རྩ་འཛུགས་ཀྱི་ས་ཁུལ་དེའི་བར་སྣང་གི་སྐོར་གཡེང་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར།

ཟླ་བཞི་བ་ནས་བཟུང་། ཧྥ་རན་སིའི་ཉེན་གཏོང་གནམ་གྲུ་ཞིག་གིས་ཕོ་ལན་དང་རོ་མཱ་ནི་ཡཱའི་མཁའ་ཁོངས་སུ་སྐོར་གཡེང་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག