མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོའི་འགྲུལ་སྐྱེལ་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་ལས་མི18རྐྱེན་ལམ་དུ་ཤོར་བ་དང་མི278གར་སོང་མ་རྙེད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་འགྲུལ་སྐྱེལ་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་ལས་མིག་སྔར་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་དོན་དགུ་སྲོག་ཉེན་ལས་བསྐྱབས། གཞན་ཡང་མི་ཉིས་བརྒྱ་དང་དོན་བརྒྱད་གར་སོང་རྙེད་མེད། གར་སོང་མ་རྙེད་པའི་མི་སྣའི་ཁྲོད་ཀྲུང་གོའི་སྤྱི་དམངས་གཉིས་ཡོད་ཟེར།

ཧན་གོའི་ནུབ་མཚོ་ཉེན་རྟོག་ཐིན་གྱི་ཐིན་ཀྲང་ཅིན་ཧྲིག་ཞོན་གྱིས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱ་མཚོར་ནུབ་པའི་གྲུ་གཟིངས་ཀྱི་རྒུད་སྐྱོབ་བྱ་བར་གྲུབ་འབྲས་ཆེན་པོ་མེད་ཟེར། ཁོས་བསྟན་དོན། རྒྱང་མི་མཐོང་བ་དང་ཆུའི་བཞུར་རྒྱུན་དྲག་པས། རྒུད་སྐྱོབ་མི་སྣ་གྲུ་གཟིངས་ཀྱི་ནང་དུ་འགྲོ་ཐབས་མེད་ཟེར།

ཅིན་ཧྲིག་ཞོན་གྱིས་ཉིན་དེའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཚེས་བཅུ་དྲུག་ཉིན་རྒུད་སྐྱོབ་མི་སྣས་ཐེངས་དྲུག་ནས་བརྒྱད་ལ་གྲུ་གཟིངས་ནང་འཛུལ་རྩིས་བྱས་པ་དང་། ཚེས་བཅུ་བདུན་ཉིན་ཐེངས་ལྔ་ནས་བརྒྱད་ལ་འཛུལ་རྩིས་བྱས་ཀྱང་ལེགས་འགྲུབ་མ་བྱུང་ཟེར།

ཁོས་བསྟན་དོན། ནམ་ཟླ་ཇེ་ལེགས་སུ་སོང་ན་ཉིན་མཚན་མེད་པར་རྒུད་སྐྱོབ་བྱ་བ་སྤེལ་རྒྱུ་ཡིན། གལ་ཏེ་ནམ་ཟླ་མི་ལེགས་ན་ཆུ་འོག་གི་སྔོག་བཤེར་བྱ་བར་དཀའ་ཁག་ཆེན་པོ་འབྱུང་སྲིད་ཟེར།

ཁོས་ད་རུང་མཚམས་སྦྱོར་བྱས་དོན། ཚེས་བཅུ་བདུན་ཉིན་བསྡོམས་པས་གྲུ་གཟིངས་བརྒྱ་དང་དོན་གཉིས་དང་། ཆུ་བ་ལྔ་བརྒྱ་དང་གོ་གཉིས་ཀྱིས་ཉེ་འདབས་མཚོ་ཁོངས་ནས་རྒུད་སྐྱོབ་བྱ་བ་སྤེལ། ཚེས་བཅོ་བརྒྱད་ཉིན་ལྗིད་འདེགས་འཕྲུལ་འཁོར་དོན་རྐྱེན་བྱུང་སའི་མཚོ་ཁོངས་སུ་འབྱོར་རྗེས་མྱུར་དུ་གྲུ་གཟིངས་མཚོ་ཁར་ལེན་པའི་བྱ་བ་སྤེལ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག