མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱི་ཕྱི་འབྲེལ་དཔོན་པོ་ཉེན་ཁ་ལས་མ་བསྐྱབས་གོང་ཐུ་ནི་ཞི་ཡཱའི་ཕྱི་འབྲེལ་དཔོན་པོ་ཞིག་ཀྱང་ལི་པུ་ཡཱ་ནས་བཙན་ཁྲིད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱ་རུ་སྡོད་པའི་ཅོར་ཏན་གྱི་གཞུང་ཚབ་པ་བཙན་ཁྲིད་བྱས་ནས་ཉིན་གཉིས་འགོར་རྗེས། ཐུ་ནི་ཞི་ཡཱའི་ཕྱི་འབྲེལ་དཔོན་པོ་ཞིག་ཀྱང་ཚེས་བཅུ་བདུན་ཉིན་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་ནས་བཙན་ཁྲིད་བྱས་པ་དང་། མིག་སྔར་གནས་ཚུལ་གསལ་བོར་མི་ཤེས། ལི་པུ་ཡཱ་རུ་སྡོད་པའི་ཐུ་ནི་ཞི་ཡཱའི་གཞུང་ཚབ་པས་དོན་དེར་དཔྱད་བརྗོད་མ་སྤེལ་བ་དང་། ལི་པུ་ཡཱའི་ཕྱི་འབྲེལ་པུའུ་ཡིས་མིག་སྔར་ད་རུང་གནས་ཚུལ་དེ་བདེན་དཔང་བྱེད་ཐབས་མེད་ཟེར།

མིག་སྔར། བཙན་ཁྲིད་བྱས་པའི་ཅོར་ཏན་གྱི་གཞུང་ཚབ་པ་སྲོག་ཉེན་ལས་བསྐྱབས་མེད། བསྒྲགས་པའི་གནས་ཚུལ་ལྟར་ན། བཙན་ཁྲིད་མཁན་གྱིས་ཅོར་ཏན་གྱི་གཞུང་ཚབ་པ་བཙན་ཁྲིད་མ་བྱས་གོང་རླངས་འཁོར་ནང་བཞག་ཡོད་པའི་ལག་འཁྱེར་སྟེང་ཁ་པར་ཡོང་ནས། ཅོར་ཏན་སྲིད་གཞུང་གིས་བཙོན་འཇུག་བྱས་ཡོད་པའི་འཇིགས་སྐུལ་ཉེས་ཅན་ཞིག་ཕྱིར་བཏང་ནས་གཞུང་ཚབ་ཆེན་མོ་དང་བརྗེ་སྤོར་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག